ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཡ་ཆེན་སྒར་དུ་གུ་ཡངས་ཅུང་ཟད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ནང་གི་ཡ་ཆེན་སྒར་དུ་ཕྱི་མི་བཀག་འགོག་ཅུང་ཙམ་ལྷོད་ཡངས་སུ་བཏང་རུང་མི་ལ་ཞིབ་བཤེར་གྱི་ས་ཚིགས་གསུམ་ཡོད་པ་སྔར་བཞིན་གནས་མུས་སུ་ཡིན་འདུག བོད་ནང་གི་ཡ་ཆེན་ཆོས་སྒར་དུ་འདི་ལོར་རྒྱ་ནག་གཞུང་གིས་དམ་དྲག་བྱས་པ་དང་མཉམ་དུ་དགེ་འདུན་པ་དང་བཙུན་མ་མང་པོ་ཞིག་བཙན་གྱིས་ཕྱིར་ཕུད་བཏང་ཡོད་པ་དང་སྐབས་བསྟུན། འདི་ལོའི་སྤྱི་ཟླ་ལྔ་པ་ནས་བཟུང་སྟེ་ཡ་ཆེན་སྒར་དུ་ཕྱོགས་ཡོང་ནས་མཆོད་མཇལ་དུ་ཡོང་མཁན་དང་ཡུལ་སྐོར་བ་བཅས་བཀག་འགོག་བྱས་ཤིང་། དགོན་པའི་བཙུན་མའི་གྲྭ་ཤག་མང་པོ་ཞིག་གཏོར་གཤིག་བཏང་སྟེ་ཤུལ་དུ་རྩ་བཏབ་ནས་བཞག་ཡོད་པའི་གནས་ཚུལ་བྱུང་འདུག

ད་ལྟའི་ཆར་གནས་སྟངས་གང་འདྲ་ཡིན་མིན་ཐད་བོད་ནང་གི་ས་གནས་བོད་པ་ཞིག་གིས་བརྗོད་དོན་ལྟར་ན་འདི་ལོར་དབྱར་ཁའི་དུས་སུ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་དམག་མི་སླེབས་ནས་དགེ་བཙུན་མང་པོ་ཕྱིར་ཕུད་དང་གྲྭ་ཤག་གཏོར་གཤིག དགོན་པའི་གླིང་དུ་ཕྱི་མི་གཅིག་ཀྱང་ཡོང་མ་བཅུག་པར་བཀག་འགོག་བྱས་ནས་བཞག་འདུག་ཅིང་། འདས་བའི་བདུན་ཕྲག་གསུམ་གྱི་གོང་ནས་བཟུང་སྟེ་བོད་ནང་གི་སྟོད་ཕྱོགས་ལྷ་ས་སོགས་ནས་ཆེད་དུ་མཆོད་མཇལ་དུ་ཡོང་མཁན་རྣམས་དང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱི་རང་རང་གི་སྤྱི་དམངས་ཐོབ་ཐང་དབང་ཡིག་བཟུང་ནས་དཀར་མཛེས་རྫོང་ནས་ཚུར་ཡོང་ན་སེར་ཤུལ་དང་སྡེ་དགེ་ཕྱོགས་སུ་འགྲོ་སའི་གཞུང་ལམ་གྱི་བཞི་མདོ་རུ་ཞིབ་བཤེར་ས་ཚིགས་ཤིག་ཡོད་པ་དེར་ཞིབ་གཤེར་ནན་པོ་བྱེད་ཀྱིན་འདུག

དེ་ནི་རྒྱལ་ཁབ་ཀྱིས་་ལོ་འདིར་གསར་རྒྱག་བྱས་བའི་ཞིབ་བཤེར་ས་ཚིགས་དང་པོ་རེད། ད་དུང་དེ་ནས་ཡར་ཡོང་ན་དཔལ་ཡུལ་རྫོང་དང་རྡོ་དཀར་དགོན་པ། ཡ་ཆེན་སྒར་བཅས་སུ་ཡོང་སའི་བཞི་མདོར་ཞིབ་བཤེར་ས་ཚིགས་གཉིས་པ་ཞིག་བཙུགས་ཀྱང་དེར་ལྷོད་ཡངས་འདྲ་བའི་རྣམ་པ་ཞིག་མངོན། དེ་ནས་རིམ་བཞིན་ཡོང་བ་ཡིན་པ་ཡ་ཆེན་སྒར་དུ་འབྱོར་མ་ཐག་ཏུ་ཐོབ་ཐང་དབང་ཡིག་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་སོགས་བྱས་ཏེ་མཆོད་མཇལ་བྱེད་དུ་འཇོག་གིན་འདུག དེ་སྔ་རྒྱལ་ཁབ་ཀྱི་བཀོད་སྒྲིག་གིས་ཡ་ཆེན་སྒར་གྱི་ཕྱོགས་སོ་སོར་བརྙན་ལེན་འཕྲུལ་ཆས་དང་བར་སྣང་དུ་སྒྲ་དང་བརྙན་ལེན་འཕྲུལ་ཆས་སོགས་བཙུགས་ནས་བཞག་ཡོད་པ་དེ་དག་ཅུང་ཙམ་ཉུང་རུ་བཏང་འདུག

གྲྭ་ཤག་གཏོར་གཤིག་བྱེད་མཁན་ལས་བྱེད་མི་སྣ་རྣམས་ཀྱང་ཉེ་སྔོན་དང་བསྡུར་ན་ཧ་ཅང་ཇེ་ཉུང་དུ་བཏང་འདུག རྒྱུ་མཚན་གཙོ་བོ་ད་ལྟ་དགུན་དུས་ལ་སླེབས་ཡོད་པས་གནམ་གཤིས་གྲང་ངར་ཧ་ཅང་ཆེ་བའི་དབང་གིས་ལས་ཀ་བྱེད་མཁན་མང་པོ་ཞིག་ཕྱིར་ལོག་བྱས་བ་རེད། ཟླ་བ་ཁ་ཤས་གོང་དང་བསྡུར་ན་ད་ལྟའི་འཆར་ཡ་ཆེན་སྒར་ནང་དུ་ཅུང་ལྷོང་ཡངས་དང་སེམས་པ་སྐྱིད་པོ་འདྲ་ཞིག་ཡོད་ཀྱང་ཟླ་ཤས་གོང་ལ་མཚོན་ན་གྲྭ་ཤག་གཏོར་བཤིག་དང་དམག་མི་འགྲེམ་འཇོག དམ་དྲག་གི་རྣམས་པ་བཅས་ཀྱི་རྒྱུན་སྡོད་དགེ་བཙུན་རྣམས་ཀྱི་སེམས་པ་ཧ་ཅང་མི་སྐྱིད་པའི་གནས་སྟངས་ཤིག་བྱུང་ཞིང་། སྐྱིད་སྡུག་བཤད་ས་ཡོད་ཀྱང་མེད་ཀྱང་ཕན་ཐོགས་མིན་ལ་མ་ལྟོས་བར་ང་ཚོ་ཡ་ཆེན་སྒར་གྱི་གནས་སྟངས་འདི་ཁྱེད་ཅག་ལ་བཤད་པ་ཡིན་། ལོ་རྗེས་མར་དབྱར་དུས་སླེབས་པ་དང་དཀའ་ངལ་གང་འདྲ་ཞིག་འཕྲད་རྒྱུ་ཡིན་མིན་ད་ལྟ་བཤད་དཀའ་བ་ཞིག་རེད་འདུག་ཅེས་བརྗོད་བྱུང་ངོ་།

XS
SM
MD
LG