ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཁེ་ལས་པར་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ཟླའི་ཕྱི་ཚེས་༧་ཉིན་རྒྱ་གར་གྱི་ཁེ་ལས་པ་གཙོས་ཚོང་ལས་ཀྱི་འགོ་ཁྲིད་ཁག་ཅིག་ལ་འཛམ་གླིང་འདིར་ཞི་བདེ་བསྐྲུན་ཐབས་དང་། འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་གཤིས་དེ་ཉིད་བྱམས་བརྩེ་ཅན་ཞིག་ཡིན་པ་དར་སྤེལ་གཏོང་རྒྱུ། རྒྱལ་ཁབ་དང་ཆོས་ལུགས། མི་རིགས་མི་གཅིག་པའི་ཁྱད་པར་སོགས་དེ་ཙམ་གལ་ཆེར་མ་བརྩིས་པར་ཐམས་ཅད་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་བསྐྱེད་རྒྱུ་གནད་འགག་ཆེན་པོ་ཡིན། དེ་བཞིན་ང་ཚོ་འཚོ་གནས་བྱ་ཡུལ་འཛམ་གླིང་འདིའི་རང་འབྱུང་ཁོར་ཡུག་ལའང་གཅེས་སྤྲས་བྱ་རྒྱུ་གལ་ཆེན་པོ་ཡིན་ཞེས་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པའི་སྐོར། དགའ་ལྡན་ཕོ་བྲང་གི་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་ཞིག་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG