ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷ་མོའི་སྒྱུ་རྩལ་དང་རྣམ་ཐར་གྱི་ཁྱད་ཆོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་ཅེ་ལྷ་མོའམ། ལྷ་མོའི་སྒྱུ་རྩལ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་བོད་པ་ཚོས་ཧ་ཅང་དགའ་མོས་བྱེད་པའི་ཟློས་གར་གྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ཞིང་། བཙན་བྱོལ་སྤྱི་ཚོས་སུ་ལྷ་མོའི་སྒྱུ་རྩལ་གཅེས་འཛིན་དང་དར་འཕེལ་གྱི་ལས་དོན་བསྒྲུབས་ཡོད། ཐེངས་འདིར་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་བཞིན་ཡོད་པར་སྟབས་བསྟུན་ནས་ཀུན་གླེང་ལས་རིམ་འདིར་ལྷ་མོའི་སྒྱུ་རྩལ་དང་རྣམ་ཐར་གྱི་ཁྱད་ཆོས་སོགས་ལ་བཅར་ཞུ་རྒྱུ་ཡིན།

XS
SM
MD
LG