ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཡོག་དང་ནེའུ་ཇར་སིའི་གཞོན་ནུའི་བོད་དོན་ལས་འགུལ།


ཨ་མི་རི་ཀའི་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་གཅིག་བཅས་ཀྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོར་མཇལ་འཕྲད་ཞུ་བར་ཕྱི་ཟླ་༡༠་ཚེས་༡༦་ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་འབྱོར་ཡོད་ཅིང་། ཁོང་ཚོས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོར་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་བལ་ཡུལ་གཞུང་གིས་རྟག་ཏུ་བཙན་གནོན་དང་སུན་གཙེར་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་འབྱོར་བའི་སྐབས་དང་དེའི་ཡས་མས་སུ་བོད་པ་མང་པོ་ཞིག་དོན་མེད་འཛིན་བཟུང་བྱས་པའི་གྲས་ཀྱི་འགའ་ཞིག་ད་དུང་ཡང་གློད་འགྲོལ་གཏང་མེད་པ་དང་། བལ་ཡུལ་དུ་གནས་འཁོད་བོད་པའི་དཀའ་སྡུག་གི་གནས་སྟངས་ལ་ཨ་རིའི་གཞུང་གིས་གཟིགས་རྟོག་གནང་དགོས། ཨ་མི་རི་ཀས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་བསྐུལ་ཞུས་ཡོད་པའི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་སྐུ་ཞབས་ངག་དབང་མཐར་ཕྱིན་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG