ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་གི་འཚམས་གཟིགས་ལ་བོད་པས་ངོ་རྒོལ།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྒྱ་གར་དུ་འཚམས་གཟིགས་སུ་འབྱོར་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། བོད་པ་བཙན་བྱོལ་བ་ཚོས་ཞིས་ཅིན་ཕིང་གི་འཚམས་གཟིགས་ལ་ངོ་རྒོལ་བྱས་ནས་རྒྱ་གར་གྱི་ཉེན་རྟོག་པས་བོད་པ་༣༠་ལྷག་འཛིན་བཟུང་བཀག་ཉར་བྱེད་ཡོད་པར་མ་ཟད། འཚམས་གཟིགས་ཀྱི་དུས་སུ་ཅ་ནེལ་གྲོང་ཁྱེར་སོགས་ཀྱི་བོད་པའི་སློབ་ཕྲུག་དང་ས་གནས་ཀྱི་བོད་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་ནན་པོ་བྱས་འདུག ཐ་ན་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སོགས་ཀྱང་མེ་འཁོར་འབབ་ཚུགས་སུ་བཀག་ཉར་བྱས་ནས་ཞིས་ཅིན་ཕིང་གི་འཚམས་གཟིགས་མཇུག་མ་བསྒྱིལ་བར་དུ་གློད་གྲོལ་གཏོང་རྒྱུ་མིན་པ་དང་། བོད་མི་ཚོ་རྒྱ་གར་གྱི་གྱོད་དོན་ཁྲིམས་ཡིག་འོག་ཏུ་མ་ཚུད་པའི་ཆེད་དུ་བོད་པའི་ཁྲིམས་རྩོད་པ་ཚོས་རྒྱ་གར་གྱི་ཉེན་རྟོག་པས་བཀག་ཉར་བྱེད་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་སློབ་ཕྲུག བོད་དོན་ལས་འགུལ་བ་ཚོར་ཁྲིམས་རྩོད་ཀྱི་རོགས་རམ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣ་ཁག་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG