ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་ཐུགས་བསྐྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་རྒྱ་གར་གྱི་མི་རབས་གཞོན་པ་ཚོས་དོ་སྣང་གོང་མཐོར་གཏོང་བའི་ཐུགས་བསྐྱེད་དམ་བཅའ་མཛད་ནས་བཀའ་སློབ་རབ་དང་རིམ་པར་གནང་ཡོད་པར་མ་ཟད། དེའི་སྐོར་སློག་གསོའི་ཆ་ལག་བསྐྲུན་ཐབས་ལ་ཝ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ལ་འགན་ཁུར་སྤྲད་པ་བཞིན་ཉེ་ལམ་ནས་རྒྱ་གར་གྱི་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བའི་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་བསླབ་གཞི་གཏན་འབེབས་ཀྱི་ལས་དོན་འགོ་འཛུགས་ཟིན་ཡོད་པ་རེད།

XS
SM
MD
LG