ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧཱ་མུ་ལཱན་དང་ཧོང་ཀོང་།


ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་ཞིག་གིས་ཕྱི་འགྲེམས་བྱ་འཆར་ཡོད་པའི་༼མུ་ལཱན་༽ཞེས་པའི་གློག་བརྙན་འཁྲབ་སྟོན་པ་ལའུ་ཡི་ཧྥི་ཡིས་ཧོང་ཀོང་གི་ཉེན་རྟོག་པར་རྒྱབ་སྐྱོར་ཡོད་ཅེས་གནས་ཚུལ་སྤེལ་བ་རེད། གློག་བརྙན་འཁྲབ་མཁན་དེ་ཡིས་གློག་བརྙན་ནང་གི་མི་སྣ་གཙོ་བོ་ནི་བཙན་པོར་རྒོལ་ཞིང་ཉམས་ཆུང་གི་རྒྱབ་རྩར་ལངས་པའི་རྩ་དོན་ལ་རྒྱབ་འགལ་བྱེད་རྐྱེན་གློག་བརྙན་དེ་ཚོང་རར་འགྲེམས་པར་ངོ་རྒོལ་བྱུང་བཞིན་རེད་ལ། ལྷག་པར་དུ་ཨ་རིའི་མི་སེར་ཡིན་པའི་གློག་བརྙན་འཁྲབ་སྟོན་པ་འདི་ཡིས་རང་དབང་དང་དམངས་གཙོ་གོང་དུ་བཀུར་བའི་ཨ་རིའི་རྩ་དོན་ལ་རྡོག་རོལ་བཏང་བས་ཨ་རིའི་མི་སེར་ཞིག་གི་འགན་འཁྲི་ལ་འཐུས་ཤོར་བཏང་སོང་ཞེས་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ནང་དྲ་མང་ཁྲི་ཚོ་མང་པོ་བྱུང་ཡོད། ཡིན་ན་ཡང་རྒྱ་ནག་གི་དྲ་མང་གིས་ལའུ་ཡི་ཧྥི་ནི་རྒྱལ་ཞེན་ལྷག་བསམ་ཅན་གྱི་དཔའ་མོ་ཞིག་རེད་ཅེས་བསྟོད་བསྔགས་བྱེད་བཞིན་པ་བཅས་ཀྱི་སྐོར་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་ངང་སྙན་སྒྲོན་ཞུ་རྒྱུ་རེད།

ཧཱ་མུ་ལཱན་དང་ཧོང་ཀོང་།
please wait

No media source currently available

0:00 0:06:24 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG