ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧུན་སུར་དང་སྦེལ་ཀོབ་གཞིས་ཆགས་ཀྱི་སྟོན་འབྲས་ལ་ནད་འབུ་ཕོག


ད་ལོ་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཀྲ་ཀ་མངའ་སྡེར་གཞིས་ཚུགས་ཡོད་པའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཆེ་གྲས་ཁག་ལྔའི་ཡ་གྱལ་ཏེ། ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་དང་སྦེལ་ཀོབ་བོད་མིའི་གཞིས་ཆགས་གཉིས་ཀྱིས་ཞིང་འདེབས་ལས་བྱེད་མཁན་ཞིང་པ་བོད་པའི་ཁྱིམ་ཚང་ཁག་གི་མ་རྨོས་ལོ་ཏོག་ལ་ད་སྔ་བྱུང་མྱོང་མེད་པའི་ནད་འབུ་ཚབས་ཆེ་ཁྱབ་སྟེ་སྟོན་འབྲས་བསྡུ་རྒྱུ་མེད་པར་གྱོང་གུན་ཕོག་རྒྱུའི་ཉེན་ཁའི་གནས་སུ་ལྷུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་སུ་གཞིས་ཆགས་ལས་ཁུངས་ཀྱིས་ཞིང་པ་ཚོར་ལམ་སྟོན་གང་ཞིག་གནང་ཡོད་མེད་དང་གནོད་སྐྱོན་གྱི་ཚབས་ཆེ་ཆུང་སོགས་ལ་བཅར་འདྲི་ཞུས་ཡོད་པའི་སྐོརའདི་ག་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG