ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་༦་ཟབ་ཁྲིད།


དབུས་བོད་མིའི་སྒྲིག་འཛུགས་དང་རྒྱུད་སྨད་གྲྭ་ཚང་ཐུན་མོང་གིས་བསྡུས་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་༦་གི་ཟབ་ཁྲིད་ཐེངས་༦ པར་མཉམ་ཞུགས་བྱེདམཁན་སྔ་ལོ་ལས་མང་བ་བྱུང་འདུག ཟླ་བ་འདིའི་ཕྱི་ཚེས་༡ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིཆོས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་ཐུན་མོང་གིས་གོ་སྒྲིག་གནང་བའི་བོད་པའིགཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་༦་ཟབ་ཁྲིད་ཐེངས་༦ པ་རྒྱ་གར་ལྷོ་ཕྱོགས་ཀྱིཧུན་སུ་རབ་རྒྱས་གླིང་གངས་ཅན་རིག་གནས་སློབ་གྲྭརའགོ་ཚུགསཐོག་མར་ཟབ་ཁྲིད་འདིར་བཞུགས་སྒར་རྡ་རམ་ས་ལ་དང་ས་གནས་འདྲ་མིན་ནསསྙན་ཞུའབུལ་མཁན་མི༢༨བྱུང་ཡོད་པ་དེའིཁོངས་ནས་དངོས་སུ་སློབ་ཕྲུག་གྲངས་༢༣འཛུལ་ཞུགས་ཐུབ་པ་བྱུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟབ་ཁྲིད་ཀྱི་བསླབ་གཞི་ནི་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དངནང་དོན་རིག་པའི་གཞུང་ལུགས་ལས་གྲུབ་མཐའདངདབུ་ཕར། ཚད་མམཛོད་དང་སྔགས་བཅས་ཀྱི་གཞུང་ཚན་སྙིང་བསྡུས་རེ་སློབ། དདུངབློ་རིགདང་རྟགས་རིག་སོགས་རིགས་ལམ་གྱིསློབ་ཁྲིད་དང་རྩོད་པ་ཡང་བསླབ་གཞིའི་ཁོངས་སུ་འདུསགསར་འགོད་པས་རྒྱུ་ལོན་བྱས་པ་ལྟར་ནསློབ་ཕྲུག་མང་ཆེ་བ་ནི་དེ་སྔ་ཟབ་ཁྲིད་འདིར་ཞུགས་མྱོང་བའིསློབ་ཕྲུག་ཕལ་མོ་ཆེརགྲུབ་འབྲས་ལེགས་པོ་ཐོ་ཡོད་པ་ཤེས་རྟོག་བྱུང་ནསའཛུལ་ཞུགསབྱས་པ་ཞིག་ཡིན་ཞིང་། སློབ་ཕྲུག་ཁག་ཅིག་ལ་ཟབ་ཁྲིད་དེར་ཞུགས་དགོས་དོན་གྱི་གལ་གནད་དང་དོ་སྣང་གཙོ་བོ་སློབ་ཚན་གང་ལ་ཡོད་མེདབཅས་སུབཅར་དྲི་ཞུསཡོད

བོད་མིའི་སྒྲིག་འཛུགས་ཀྱིཆོས་རིག་ལས་ཁུངས་དང་གངས་ཅན་རིག་གནས་སློབ་གྲྭ་གཉིས་བཟུང་འབྲེལ་གྱི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་༦་ཟབ་ཁྲིད་ནི་ཐོག་མར་བོད་ཀྱིབླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་ཏཱ་ལའི་བླ་མམཆོག་གི་བཀའ་དགོངས་ལམ་སྟོན་བཞིན་བོཔའིགཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་གོ་རྟོག་སྤེལ་བའིཆེད་དུ་སློབ་གྲྭ་དང་ཉལ་ཁང་སོགས་གསར་སྐྲུན་གྲུབརྗེས་ཕྱི་ལོ་༢༠༡༤ནས་འགོ་འཛུགས་ཀྱིས་ལོ་ལྟར་སློབ་ཕྲུག་༢༠ཚད་བཅད་ཀྱིས་ཟབ་ཁྲིད་བྱེད་ཀྱི་ཡོད་པ་རེད འདས་པའི་ལོ་ངོ་དེ་དགལ་ཕྱིར་མིག་བལྟས་སློབ་ཕྲུག་གི་དོན་སྣང་དང་གྲུབ་འབྲསསོགས་ལགངས་ཅན་རིག་གནས་སློབ་གྲྭའི་མགྲིན་ཚབ་པ་དགེན་ཡོན་ཏན་ལགས་སུ་བཅར་དྲི་ཞུསཡོདཁོང་གིས་ད་བར་སློབ་ཕྲུག་མང་པོའི་མི་ཚེར་འགྱུར་བ་ཐེབས་པ་སོགས་ཀྱི་གྲུབ་འབྲས་གང་ལེགས་བྱུང་ཡོདལོ་ལྟར་འཛུལ་ཞུགས་བྱེད་མཁན་ཡངགྲངས་ཚད་ལསབརྒལ་ཏེ་ཐོ་འགོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ནི་དེའི་མཚོན་རྟགས་ཤིག་ཡིན་ཞེས་ལན་བདེབས་གནང་བྱུང་བར་མ་ཟད ཁོང་གིསཟླ་༦་གི་ཟབ་ཁྲིད་ཀྱི་སློབ་ཚན་བཀོད་སྒྲིག་བྱེདཕྱོགས་ལའང་འདི་འདྲ་ཞིག་གསུངས་བྱུང་།

བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའིཟབ་ཁྲིད་འདིར་ཞུགསཔའི་སློབ་ཕྲུག་ཚོར་ལམ་གྲོན་དང་བཞུགས་གནསའཚོ་བའིམཐུན་རྐྱེན་ཆ་ཚང་ནར་གཏོང་གནང་བཞིན་པ་ཡོད་པ་དེའིཐོག་ཏུཟླ་རེར་ལག་དངུལཕྲན་བུ་ཞིག་ཀྱང་གནང་གི་ཡོད་ཅིངའདི་དང་དུས་མཚུངས་སུགངས་ཅན་རིག་གནས་སློབ་གྲྭས་ཀོ་ལི་གྷལ་དང་ཧུན་སུར་གཞིས་ཆགས་གཉིསཀྱིསློབ་ཕྲུགདོན་གཉེར་ཅནརྣམས་ལའང་ལོ་ལྟརདུས་ཡུན་ཟླ་བ་གཅིག་གིརིང་ལ་བོད་ཀྱི་ཆོས་རིག་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་སྟེད་ལོའི་ཟབ་སྦྱོང་ཐེངས་༡༣པ་ནིཕྱི་ཟླ་༥་ཚེས་༡༠ནས་ཕྱི་ཟླ་༦ ཚེས་༡༠བར་དུཚོགས་ཏེ་ལེགས་གྲུབ་བྱུང་ཡོད་པ་རེད།

XS
SM
MD
LG