ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་ནས་ཕྱིར་སློག་བཏང་བའི་སྤེན་པ་ཚེ་རིང་།


ཨ་རིའི་མི་སེར་ཡིན་པའི་བོད་མི་སྤེན་པ་ཚེ་རིང་ཞུ་བ་ཞིག་ཉེ་ཆར་བལ་ཡུལ་གནམ་ཐང་ནས་བལ་ཡུལ་དུ་འཛུལ་བར་བཀག་འགོག་གིས་ཕྱིར་ཨ་རིར་སློག་པ་དང་། དེའི་རྗེས་ཁོང་ལ་ཁྱེད་ཉིད་མིང་ཐོ་ནག་པོའི་ཁོངས་སུ་ཚུད་འདུག་ཅེས་བལ་ཡུལ་ཕྱི་མི་གནས་སྤོར་བའི་ལས་ཁུངས་ཀྱིས་ཡིག་ཆ་ཞིག་སྤྲད་ཡོད་པ་རེད། ཨ་རིའི་མི་སེར་ཡིན་པ་བོད་མི་སྤེན་པ་ཚེ་རིང་གིས་འདི་ག་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གནང་མྱོང་མཁན་སྤེན་པ་ཚེ་རིང་ལགས་བལ་ཡུལ་ནང་འཛུལ་བར་བཀག་འགོག་གི་བཀའ་རྒྱ་བཏང་ཡོད་པ་དེ་ལྟར་བལ་ཡུལ་གཞུང་གིས་རྒྱ་ནག་གི་བཀའ་བཀོད་དང་ལེན་བྱ་དགོས་བྱུང་སྟེ་ཁོང་ཉིད་མིང་གཅིག་པའི་འོག་ནོར་འཛོལ་ཤོར་ནས་ཨ་རིར་ཕྱིར་སློག་བྱས་པའི་རྒྱུད་རིམ་སོགས་ངོ་སྤྲོད་གནང་བྱུང་ལ། ཁོང་གིས་ཨ་མི་རི་ཀའི་འབྲེལ་ཡོད་ཆབ་སྲིད་མི་སྣ་དང་ལས་ཁུངས་ཁག་ལ་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་ཚོར་དཀའ་ངལ་བཟོ་བཞིན་པའི་གནས་སྟངས་ཐད་ལ་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་ཡིན་པ་སོགས་གསུངས་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG