ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཧོང་ཀོང་གི་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན།


དེ་སྔ་དབྱིན་གཞུང་གིས་རྒྱ་ནག་ལ་ཧོང་ཀོང་གི་བདག་དབང་རྩི་སྤྲོད་བྱས་པའི་སྐབས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ད་ཆ་སྤྱི་དམངས་རང་དབང་ཐོབ་ཐང་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པར་ཧོང་ཀོང་བ་རྣམས་བློ་འཚབ་ཆེན་པོ་ཡོང་གི་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པ་ནི་སྤྱང་ཀི་སྒོ་འགྲམ་དུ་སླེབས་པ་ལྟར་གྱི་ཉེན་ཀ་ཡིན་པ་བཅས་ཀྱི་སྐོར། ཨ་རིའི་ནིའུ་ཡོག་དུས་བབ་ཚགས་པར་སོགས་ལ་ཐོན་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG