ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་ནི་ཞིས་ཅིན་ཕིང་ལ་དཀའ་ངལ་ཞིག་ཏུ་གྱུར།


༄༅།། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་དེར་ཧོང་ཀོང་མི་དམངས་ས་ཡ་མང་པོས་དོགས་ཅན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེར་ངོ་རྒོལ་བྱས་ཡོད་ཅིང་། ད་སྔ་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཞིས་ཅིན་ཕིང་གིས་གནད་དོན་དེར་གཏམ་བཤད་མངོན་གསལ་དོད་པོ་ཅི་ཡང་བྱས་མེད་པ་རེད། ཡིན་ནའང་རྒྱ་ནག་ཏུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་ཟུར་པ་ཝིན་སི་ཊོན་ལོར་ཌིས་ཧོང་ཀོང་གི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དེས་ཞིས་ཅིན་ཕིང་ལ་ཕྱི་ནང་གཉིས་སུ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་གསལ་པོ་རེད་ཅེས་བསྟན་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ཕང་པིང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG