ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གཞུང་གི་བོད་དོན་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལྟར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ཡང་ན་༧གོང་ས་མཆོག་གང་ཉིད་ཀྱི་དམིགས་བསལ་སྐུ་ཚབ་ལ་གྲོས་མོལ་བྱ་རྒྱུ་གཙོས་ཨ་མི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་སྐུལ་ལྕག་གཏོང་བའི་ལས་དོན་ཅི་ཞིག་བསྒྲུབས་ཡོད་མེད་ཀྱི་སྙན་ཐོ་ཞིག་ཨ་རིའི་གྲོགས་ཚོགས་སུ་ཕུལ་ཡོད་པ་རེད། སྙན་ཐོ་འདི་ནི་སྤྱི་ལོ་༢༠༠༢་ལོར་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལྟར་ཨ་རིའི་གཞུང་གིས་ལོ་ལྟར་ཨ་རིའི་གྲོས་ཚོགས་ལ་བོད་དོན་སྙན་ཐོ་རེ་འབུལ་དགོས་པའི་ཁྲིམས་ཞིག་ཡིན་འདུག

བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེའི་འབྲུ་དོན་དེར་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཚོས་གྲོས་མོལ་བྱས་ནས་བོད་དོན་ཐག་གཅོད་ཡོང་ཐབས་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱ་དགོས། ཨ་རིའི་གཞུང་གིས་བོད་ནང་གི་གནས་སྟངས་ལ་བཀའ་མོལ་གནང་དགོས། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་གཙོ་བོར་གྱུར་པའི་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་བོད་རྒྱ་གྲོས་མོལ་ཡོང་བར་རྒྱ་ནག་གཞུང་ལ་སྐུལ་ལྕག་གཏོང་དགོས་ཞེས་འཁོད་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་བྷུ་ཤི་དང་ཨོ་བྷ་མའི་དུས་སུ་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ། ཆེས་མཐོའི་གཞུང་འབྲེལ་མི་སྣ་བཅས་ཀྱིས་རྒྱ་ནག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་ཚོར་མཇལ་འཕྲད་གྲོས་མོལ་བྱ་དགོས་པའི་སྐུལ་ལྕག་རིམ་པ་ཞིག་བཏང་ཡོད་པ་རྣམས་དུས་སྐབས་སོ་སོའི་སྙན་ཐོའི་ནང་དུ་ཐོན་ཡོད་པ་རེད།

སྤྱི་ཟླ་༥་པའི་ཟླ་མཇུག་ཙམ་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཅི་ཞིག་བསྒྲུབས་ཡོད་པའི་སྙན་ཐོ་དེ་ཨ་རིའི་གྲོས་ཚོགས་སུ་ཕུལ་ཡོད་ཅིང་། དེའི་ནང་དུ་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁག་ཅིག་ལག་ལེན་བསྟར་ཡོད་པ་རྣམས་གསལ་སྟོན་བྱས་ཀྱང་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་བོད་རྒྱ་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་བཀོད་མེད་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བློ་འཚབ་ཡོད་པའི་རྣམ་འགྱུར་བསྟན། སྙན་ཐོ་འདི་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་རིའི་གྲོས་ཚོགས་ལ་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་བསྒྲུབས་པའི་སྙན་ཐོ་ཕུལ་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།།

XS
SM
MD
LG