ཧོང་ཀོང་ལ་༢༠༡༤་ལོར་ཉི་གདུགས་སེར་པོའི་གསར་བརྗེ་ལངས་པའི་རྗེས་སུ་གཟའ་འཁོར་འདིའི་གཟའ་ཉི་མར་མི་མང་ས་ཡ་གཅིག་དང་ཁྲི་ཚོ་༣་ཙམ་གྱིས་
ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞིར་ངོ་རྒོལ་བྱས་པ་དང་གཟའ་ལྷག་པའི་ཉིན་མོར་ཁྲིམས་གཞི་དེར་གྲོས་ཚོགས་སུ་བགྲོ་གླེང་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་མུ་མཐུད་དུ་སྤེལ་ཡོད་པ་རེད། དེ་རིང་གི་ཀུན་གླེང་ལས་རིམ་ནང་དུ་ཧོང་ཀོང་མི་མང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེར་བློ་ཚབས་དང་ཁོང་ཁྲོ།དེ་ལ་ངོ་རྒོལ་ཤུགས་ཆེན་བྱེད་དགོས་པའི་རྒྱུ་མཚན།ད་དུང་ཁྲིམས་གཞི་དེ་གཏན་འབེབས་བྱུང་ན་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་པ་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་སྲིད་མིན་སོགས་ཀྱི་ཐད་ལ་བགྲོ་གླེང་རྒྱུ་ཞུས་ཡིན།།