ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཧྥི་ལི་ཕིན།


༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཉམས་ཞིབ་པ་ཚོས་ཧྥི་ལི་ཕིན་གྱི་ཉེན་རྟོག་པ་ཚོས་ཉལ་ཐ་ནག་ཚོང་པ་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་ཅེས་སྲིད་འཛིན་དྷུ་ཐར་ཐེས་བཀོད་འདོམས་འོག་ཏུ་སྐྱེ་བོ་མང་པོ་ཞིག་དམར་གསོད་བྱེད་ཀྱི་ཡོད་པར་རྒྱལ་ཚོགས་ཀྱིས་ཞིབ་འཇུག་བྱ་དགོས་ཞེས་སྙན་ཞུ་ཕུལ་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་༡༡་གིས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེས་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། སྤྱི་ཚོགས་ལས་འགུལ་བ་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་སོགས་ལ་གནོན་ཤུགས་སྤྲོད་པ་དང་བུད་མེད་ལ་དམའ་འབེབས། ཉལ་ཐ་ནག་ཚོང་པ་སོགས་ལ་དྲག་གནོན་བྱ་དགོས་ཞེས་ངན་སྐུལ་བྱས་ནས་མི་གསོད་ཁྲག་སྦྱོར་མང་པོ་ཞིག་བྱེད་ཀྱི་འདུག་ཅེས་ཐེར་འདོན་བྱས་ཀྱང་ཧྥི་ལི་ཕིན་གྱི་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་པ་ཚོས་བཏོན་པའི་སྙན་ཐོ་དེར་དགག་པ་བརྒྱབ་མེད་པ་རེད།།

༢༠༡༦་ལོར་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེས་སྲིད་དབང་བཟུང་སྟེ་རྒྱལ་ཁབ་དེའི་ཉལ་ཐ་ནག་ཚོང་དང་ཁྲིམས་འགལ་གྱི་རིགས་རྣམས་གཙང་སེལ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་། སྲིད་འཛིན་དྷུ་ཐར་ཐེས་ཉལ་ཐ་བཀག་སྡོམ་དང་ཁྲིམས་འགལ་ལ་དྲག་གནོན་བྱེད་པའི་ཞོར་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་བཏང་ནས་ཧྥི་ལི་ཕིན་གྱི་ཉེན་རྟོག་པ་ཚོར་རང་སྣང་གང་དྲན་གྱིས་མི་མང་དམར་གསོད་བྱེད་ཆོག་པའི་དབང་ཚད་སྤྲོད་རྒྱུ་ཐལ་དྲགས་ཡོད་མོད། ༢༠༡༩་ལོའི་མགོ་སྟོད་དེར་སྲིད་འཛིན་དྷུ་ཐར་ཐེས་མུ་མཐུད་དུ་ཉལ་ཐ་བཀག་སྡོམ་དང་ཁྲིམས་འགལ་བ་ཚོར་དྲག་གནོན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྒྲགས། འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་པ་ཚོས་ཚོགས་འཐུས་རྒྱལ་ཁབ་༤༧་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཕྱི་ཟླ་༦་ཚེས་༢༥་ཉིན་ནས་དུས་ཡུན་བདུན་ཕྲག་གསུམ་གྱི་རིང་ལ་ཧྥི་ལི་ཕིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཞིབ་འཇུག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་པ་དེ་དག་གི་སྙན་ཐོའི་ནང་དུ་ང་ཚོས་ཧྥི་ལི་ཕིན་གྱི་སྤྱི་ཚོགས་སུ་ཉལ་ཐ་ནག་ཚོང་བཀག་སྡོམ་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་དེ་མིན་གྱི་སྤྱི་ཚོགས་ལས་འགུལ་བ་སོགས་ལ་ནག་ཉེས་མེད་པར་འཆི་སྐྱོན་ཕོག་གི་ཡོད་པ་མང་པོ་ཞིག་ཐོ་འགོད་བྱས་ཡོད། ཧྥི་ལི་ཕིན་གཞུང་གི་ཉེན་རྟོག་པ་ཚོས་རང་སྣང་གང་དྲན་གྱི་སྒོ་ནས་མི་གསོད་ཀྱི་ཡོད་པར་བརྟག་དཔྱད་དང་ཞིབ་འཇུག་བྱ་རྒྱུའི་རྟགས་མཚན་གང་ཡང་མི་འདུག ད་ལྟ་ཧྥི་ལི་ཕིན་གྱི་ཕྱོགས་འགལ་ཚོགས་པ་ནི་སྟོབས་ཤུགས་ཉམས་པ་དང་སྲིད་འཛིན་ནི་དབང་ཐང་ཆེན་པོ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྤྱི་ཚོགས་ལས་འགུལ་བ་རྣམས་ཀྱང་དཔའ་ཞུམ་ནས་གཉའ་ཆག་འདུག ཧྥི་ལི་ཕིན་གྱི་རྒྱལ་ནང་དུ་སྲིད་འཛིན་དྷུ་ཐར་ཐེ་དབང་ཐང་ཆེན་པོ་ཡིན་པ་དང་ཁོ་པའི་མཐུན་གྲོགས་ཚོར་རྒྱལ་ཡོངས་གྲོས་ཚོགས་སུ་དབང་ཆ་ཐོབ་སྟེ་རྒྱལ་ཁབ་དེའི་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་ལྷན་ཁང་ཁག་ལ་དབང་ཚད་ཆ་མཉམ་མེད་པར་གྱུར་འདུག ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་ཧྥི་ལི་ཕིན་གྱི་སྲིད་གཞུང་ལ་ཁ་གཏད་པ་ཡོད་པ་དང་རྒྱལ་ཁབ་དེའི་འགོ་ཁྲིད་ཚོས་ཁྲིམས་འགལ་དང་སྲིད་དབང་བེད་སྤྱོད་ལོག་པ་བཏང་བ་རྣམས་ཐེར་འདོན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་ཐུབ་ཅེས་བཀོད།།

ཧྥི་ལི་ཕིན་གྱི་གཞུང་གིས་ཉལ་ཐ་ནག་ཚོང་པ་མི་༥༠༥༠་བསད་པ་དེ་དག་གིས་ཉེན་རྟོག་པར་ཚུར་རྒོལ་བྱས་ནས་སྲོག་སྐྱོན་བྱུང་བ་རེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འགའ་ཞིག་གིས་ཧྥི་ལི་ཕིན་གྱི་གཞུང་གིས་འགྲེལ་བཤད་བརྒྱབ་པ་བདེན་པ་མིན་པ་དང་མི་བསད་པའི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་ངོ་མ་ཡིན་མི་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་༢༠༡༦་ལོར་སྲིད་འཛིན་དྷུ་ཐར་ཐེས་སྲིད་དབང་བཟུང་བའི་རྗེས་སུ་ཧྥ་ལི་ཕིན་གྱི་གཞུང་གིས་ཉུང་མཐར་ཡང་མི་༡༢༠༠༠་ཡས་མས་ཤིག་བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཧྥི་ལི་ཕིན་གྱི་གཞུང་གིས་ཉེན་རྟོག་པ་གསུམ་ལ་མ་གཏོགས་ཁྲིམས་གཅོད་བྱས་མེད་པ་གསལ་སྟོན་བྱས་པ་དང་། ཁ་སྔོན་ཕྱི་ཟླ་༣་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་འགན་འཛིན་གྱིས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེ་ལ་མི་དམངས་སྡེབ་གསོད་བྱས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG