ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དྲུག་བཞིའི་དུས་དྲན་སྔོན་དེར་དམ་དྲག


༡༩༨༩ལོའི་ཟླ་ནངདུ་རྒྱ་ནག་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མའི་དམངས་གཙོའི་ལས་འགུལ་ལངས་པར་རྒྱ་ནག་གཞུང་གི་དམག་བཏང་ནས་སློབ་ཕྲུག་ཚོ་དམར་གསོད་བྱས་ནས་ལོ་༣༠་འཁོར་གྱི་ཡོད་པས་ལོ་ལྟར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐབས་སུ་ཚེ་སྲོག་ཤོར་པའི་སློབ་ཕྲུག་གིཕ་མ་དང་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་གྱི་མི་སྣ་ཁག་གཙོས་མི་མང་པོས་འཛམ་གླིང་རྒྱལ་ཁབ་གང་སར་རྗེས་དྲན་གྱི་ལས་འགུལ་སྤེལ་གྱི་ཡོད་ཅིང་། ད་ལོ་ནི་དྲུག་བཞིའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལངས་ནས་ལོ་ཧྲིལ་པོ་༣༠འཁོར་གྱི་ཡོད་པས་དམིགས་བསལ་གྱི་དུས་དྲན་ཞིག་ལ་ཁེལ་ཡོད། དུས་དྲན་གྱི་ཉིན་མོ་འདིར་ཉིན་གྲངས་ཁ་ཤས་ལས་མེད་པའི་མཚམས་སུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ཆེད་དུ་གཞུང་འབྲེལབྱེད་སྒོ་སྤེལ་ནུས་ཤུགས་ཆེན་པོ་འདོན་གྱི་ཡོད་པ་རེད།

རྒྱ་ནག་གི་དམངས་གཙོ་དང་རང་དབང་དོན་གཉེར་བ་མི་སྣ་ཁ་ཤས་ལ་ཆེད་དུ་སོ་ལྟ་བྱེད་མཁན་མངགས་བཀོད་བྱེད་པའམ། ཡང་ན་མི་སྣ་ཁ་ཤས་བཙན་གྱིས་ས་གནས་གཞན་་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་དགོས་པའི་བཙན་བཀ་བཏང་བ། མི་ཁ་ཤས་བཀག་ཉར་བྱས་་དང་ཁ་ཤས་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་པ་སྟེ རྒྱ་ནག་ཨན་ཧུའི་ཞིང་ཆེན་གྱི་ཞིབ་བཤེར་ཁྲིམས་འཛིན་ཟུར་པ་དང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་ལ་རྟག་ཏུ་སྐྱོན་བརྗོད་བྱེད་མཁན་ཧྲིན་ལང་ཆིན་གཉིས་ཟླ་བ་འདིའི་མགོ་སྟོད་ནས་གར་སོང་ཆ་མེད་དུ་གྱུར། ཕྱི་ཚེས་༡༦་ཉིན་ཤེས་གསལ་ལྟར་ན་ཁོ་པ་བདུན་ཕྲག་གཅིག་གི་སྔོན་ནས་འཛིན་བཟུང་བཀག་ཉར་འོ་ཏུ་ཚུད་འདུག ཧྲིན་ལང་ཆིན་ནི་དུས་རྒྱུན་དྲྭ་ལམ་དུ་སྤྱི་ཚོགས་དཔྱད་བརྗོད་སྤེལ་མཁན་ཞིག་དངཕྱིའི་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་མཁན་ཞིག་ཡིན་པར་བརྟེན། ཁོ་པ་ཐེངས་མང་པོར་རྒྱ་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་མྱོང་ཡོད་པ་རེད།

གཞན་ཡང་ཟླ་བ་འདིའི་ཚེས་༢༨་ཀྱི་མཚན་མོར་པེ་ཅི་དུ་གནས་འཁོད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་སྤྱི་དམངས་གསར་འི་ལས་འགུལ་་མཉམ་ཞུགས་པ་ཀྲང་པོ་ཁྲིན་ཡང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག གསར་འགྱུར་བརྒྱུད་ལམ་སོགས་སུ་ཁོ་པ་འཛིན་བཟུང་བྱས་པ་ནི་ཊོས་ཊར་དྲྭ་ལམ་དུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་སྤེལ་བར་འབྲེལ་བ་ཡོད་པའི་ངོས་འཛིན་བཞིན་འདུག དེ་མིན་པེ་ཅིང་དུ་གནས་འཁོད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲུའི་ཧོང་སོགས་པེ་ཅིགི་སྒྱུ་རྩལ་བ་མི་༦་རྒྱ་ནག་གི་ས་ཆ་གང་སར་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐོར་སྐྱོད་དུ་འགྲོ་བཞིན་ཡོད་དང་། སྤྱི་ཚེས་༢༨་ཉིན་རྒྱ་ནག་གི་ནན་ཅི་དུ་ཡོད་ཀྱང་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ལམ་གང་ནས་ཀྱང་འབྲེལ་བ་བྱེད་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་འདུག

གཞན་ཡང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་གསར་འགོད་པ་ཀོ་ཡུའི་ཡང་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་ས་གནས་གཞན་དུ་ཁྲིད་འདུག་ཅིང་། ཁོ་མོའི་བུ་ཀྲོ་མིན་གྱིས་ཁ་སང་སྤྱི་ཟླ་༥་པའི་ཚེས་༢༩་ཉིན་གྱི་དགོང་མོར་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བཤད་བྱས་ཡོད་པ་ལྟར་ན། ཀོ་ཡུའི་ཁ་སང་རྒྱ་ནག་གཞུང་གིས་ཕྱི་ལ་ཡུལ་སྐོར་ལ་ཁྲིད་ཀྱང་་གནས་གང་དུ་ཁྲིད་ཡོད་མེད་ནི་དོ་བདག་གིས་ཀྱང་གསལ་པོ་ཞིག་ཤེས་རྟོགས་ཐུབ་མི་འདུག་ཅེས་བཤད། རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐབས་སུ་ཀོ་ཡུའི་ཡིས་རྒྱ་ནག་གི་དཔལ་འབྱོར་རིག་པའི་གཟའ་རེའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གཞོན་པའི་ལས་འགན་ཁུར། སྐབས་དེར་སློབ་མའི་ལས་འགུལ་ལ་མཉམ་ཞུགས་བྱས་པས་༡༩༨༩་ལོའི་དྲུག་པའི་ཚེས་གསུམ་གྱི་དགོང་མོར་འཛིན་བཟུང་བྱས།།

ལོ་གཅིག་གི་རྗེས་སུ་ཀོ་ཡུའི་གློད་གྲོལ་བཏང་རུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མིང་གྲགས་ཅན་དང་ཡུ་རོབ་མཉམ་འབྲེལ་གྱི་ས་ཁ་རོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ་མྱོང་མཁན་ཧུའུ་ཅ་ཡིས་ཁ་སང་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ནགཟའ་ཕུར་བའི་ཉིན་གྱི་ཞོགས་པ་ནས་བཟུང་ཁོ་པ་གཞུང་གིས་པེ་ཅིང་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་ཁྲིད་ཀྱི་ཡོད་པ་དང་། འདི་ནི་ཁོ་་པེ་ཅིང་དང་ཁ་བྲལ་ཐབས་ཤིག་ཡིན་པ་དངའདས་པའི་ལོ་བཅོ་ལྔའི་རིང་ལ་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་སྐབས་ཧུ་ཅ་རང་ཁྱིམ་ནས་ཕྱི་ལ་ཁྲིད་རྒྱུལོ་ལྟར་འབྱུང་གི་ཡོད་འདུག སྤྱི་ཟླ་༦་པའི་ཚེས་ལྔའིཉིན་ཕྱིར་པེ་ཅིན་དུ་སླེབས་ཀྱི་རེད་ཅེས་བཤད་འདུག་པ་སོགས་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་གནད་ཡོད་མི་སྣ་མང་པོ་ཞིག་དངོས་སུ་བཀག་ཉར་བྱེད་ཀྱི་ཡོད་པ་མ་ཟད། དྲྭ་རྒྱུའི་བརྒྱུད་ལམ་ཁག་ལའང་སྔར་དང་མི་འདྲ་བའི་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད

XS
SM
MD
LG