ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་སྐྱོད།


༄༅།། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་སི་ཀར་བྷོ་རོ་ཤཱོལ་གླིང་ཚོམ་གྱི་ཉེ་འཁོར་དུ་ཨ་མི་རི་ཀའི་དམག་གྲུ་ཞིག་སྐོར་སྐྱོད་བྱས་པར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱས་ཡོད་ཅིང་། མཚོ་གླིང་དེ་ནི་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡེའི་རྒྱལ་ཁབ་ཁག་ཅིག་གིས་བདག་དབང་རྩོད་སའི་གྲས་ཤིག་ཡིན་མོད། འོན་ཀྱང་རྒྱ་ནག་གིས་གླིང་ཚོམ་དེའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བརྗོད་ཀྱི་ཡོད་པས་ཨ་མི་རི་ཀའི་དམག་གྲུ་ཞིག་ཁུལ་དེར་སྐོར་སྐྱོད་བྱས་ནས་རྒྱ་ནག་གི་བདག་དབང་ལ་བརྩི་མེད་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG