ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རན་གྱིས་རྡུལ་ཕྲན་གྲོས་མཐུན་གྱི་ཁས་ལེན་ཁག་ཅིག་མཚམས་འཇོག


༢༠༡༥་ལོར་ཨི་རན་དང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བཞག་པའི་ཨི་རན་གྱི་ རྡུལ་ཕྲན་ལས་གཞི་ཉུང་འཕྲི་བྱ་རྒྱུའི་གྲོས་མཐུན་གྱི་ཁས་ལེན་ཁག་ཅིག་ ཨི་རན་གྱིས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་དང་རྡུལ་ཕྲན་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་སྡིགས་སྐུལ་བྱས་ཡོད་ཅིང་། ཨ་མི་རི་ཀ་ལོ་གཅིག་གི་གོང་དུ་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་ནས་ཨི་རན་ལ་གནོན་ཤུགས་སྤྲད་ཡོད་པས་ཨི་རན་ཡང་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱ་སྲིད་པའི་ཉེན་བརྡ་བཏང་འདུག ད་ཆ་གྲོས་མཐུན་དེའི་འབྲུ་དོན་ཁག་ཅིག་ལ་ཨི་རན་གྱིས་ཁས་ལེན་བྱ་རྒྱུ་མཚམསའཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་སུ་ཨ་རིའི་གཞུང་གིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་འཕར་མ་འགེལ་རྒྱུ་དང་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཧ་ཅང་ཛ་དྲག་ཅན་ཞིག་ཏུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG