ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སིངྒ་ལར་མི་གསོད་ཁྲག་སྦྱོར་གྱི་གཏོར་རྒོལ།


སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོ་གྲོང་ཁྱེར་དུ་གཟའ་ཉི་མའི་ཉིན་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་ཉིན་མོར་ཡེ་ཤུའི་ལྷ་ཁང་གསུམ་དང་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསུམ་ལ་དུས་གཅིག་ཏུ་འབར་རྫས་ཀྱིས་རྒོལ་རྡུང་བྱས་པའི་རྗེས་སུ་ཡེ་ཤུའི་ལྷ་ཁང་གཞན་ཞིག་དང་མགྲོན་ཁང་གཞན་ཞིག་ལའང་རྒོལ་ཕོག་པ་སོགས་ ཉི་མ་གཅིག་ལ་གཏོར་རྒོལ་ཐེངས་བརྒྱད་བྱུང་ཡོད་ཅིང་། འདི་ནི་འདས་པའི་ལོ་བཅུའི་ནང་དུ་སིངྒ་ལར་བྱུང་མྱོང་མེད་པའི་གཏོང་རྒོལ་ཞིག་ཡིན་པར་མ་ཟད། ད་ཐེངས་ཀྱི་གཏོར་རྒོལ་ནང་དུ་མི་༢༦༠་ལྷག་ལ་སྲོག་སྐྱོན་དང་༦༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བསྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG