ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་ཉེས་ཆད་གཅོད་དགོས་ཞེས་འབོད་སྐུལ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ད་ལྟ་ནི་༡༩༣༠་སོ་གྲངས་ནས་བཟུང་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་ཀྱི་དུས་སྐབས་ཤིག་ཏུ་སླེབས་ཡོད་པའི་ངོས་འཛིན་གནང་བ་ལྟར་རྒྱ་ནག་གཞུང་གིས་ཞིང་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པས་ཨ་རི་གཞུང་གིས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་ཞེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། གཟའ་འཁོར་འདིར་རྒྱ་ནག་གི་མཐོ་རིམ་མི་སྣ་ཁག་ཅིག་རྒྱལ་ས་ཝ་ཤིང་ཊོན་ལ་ཨ་མི་རི་ཀའི་འབྲེལ་ཡོད་མཐོ་རིམ་མི་སྣ་ཚོར་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བྱེད་དུ་ཡོང་འཆར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG