ངོ་འཕྲད་བདེ་བའི་དྲ་འབྲེལ།

སོག་ཡུལ་ནས་ནང་ཆོས་ཟབ་སྦྱོང་དུ་བཅར་མཁན་ཚོར་བཀའ་སློབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཨུ་རུ་སུ་བོད་ཀྱི་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ཞུས་པའི་ནང་ཆོས་ཟབ་སྦྱོང་ལ་བཅར་མཁན་སོག་པོ་༥༠ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད། ཐེངས་འདིར་བཞུགས་སྒར་དུ་སོག་ཡུལ་ནས་ནང་ཆོས་ཟབ་སྦྱོང་དུ་བཅར་མཁན་ཁྲོད་གཞུང་ཞབས་པ་དང་སྲིད་དོན་མི་སྣ། དགེ་རྒན། ཚོང་པ། སྨན་པ་བཅས་ལས་རིགས་འདྲ་མིན་ནས་ཡོད་པ་དང་༧གོང་ས་མཆོག་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། ལོ་ན་གཞོན་པའི་ཁྲོད་བཟང་སྤྱོད་སྤེལ་དགོས་རྒྱུ་སོགས་ཀྱི་བཀའ་སློབ་གནང་བའི་ཞིབ་ཕྲའི་གནས་ཚུལ་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG