ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་བཙན་གོམ་བགྲོད་འགུལ།


བོད་ས་ཤོར་ནས་ལོ་༦༠་འཁོར་བའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ་བོད་རང་བཙན་འཐབ་རྩོད་པ་དང་། བོད་དོན་བདེན་སེལ་རྒྱུའི་སླད་དུ་བོད་པ་དང་བླངས་བ་ཁག་ཅིག་གིས་ཕྱི་ཟླ་༣་པའི་ཚེས་༣་ནས་ཨ་རིའི་ཧྥི་ལ་ཌལ་ཧྥི་ཡ་གྲོང་ཁྱེར་ནས་འགོ་འཛུགས་ཀྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་བར་རང་བཙན་གོམ་བགྲོད་ལས་འགུལ་ཞིག་འགོ་ཚུགས་ཡོད་ཅིང་། ཁོ་ཚོས་ལམ་ཐོག་ཏུ་བོད་དང་བོད་ནང་གི་གཞིས་ལུས་མི་དམངས་ཀྱི་གནས་སྟངས་བཅས་པ་དྲིལ་བསྒྲགས་བྱས་ནས་ཕྱི་ཚེས་༩་ཉིན་ནེའུ་ཡོག་གྲོང་ཁྱེར་དུ་ཚུགས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་དུ་ལས་འགུལ་མཇུག་བསྒྲིལ་འཆར་ཡོད་པ་སོགས་ཀྱི་སྐོར། བོད་རང་བཙན་འཐབ་རྩོད་ལས་འགུལ་བ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་པ་ཟུར་པ་དོན་གྲུབ་ལྷ་དར་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG