ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཤེས་རིག་ཚོགས་ཆེན་ཐེངས་༧་པ་མཇུག་སྒྲིལ།


༄༅།། ཤེས་རིག་སློབ་གསོའི་ལས་དོན་གཉེར་མཁན་མི་༤༠༠་ལྷག་མཉམ་དུ་འཛོམས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དེ་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལར་མཇུག་བསྒྲིལ་ཡོད་ཅིང་། ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་ཏུ་བརྗོད་བྱ་གཙོ་བོ་༤་ལ་བགྲོ་གླེང་བྱས་ནས་གྲོས་ཆོད་༧༢་བཞག་ཡོད་པར་མ་ཟད། རྒྱ་གར་དང་བལ་ཡུལ་གཉིས་སུ་ཡོད་པའི་སློབ་གྲྭ་ཁག་༦༨་ཀྱི་སློབ་ཕྲུག་༡༩༠༠༠་ལྷག་གི་མ་འོངས་མདུན་ལམ་ལ་དོ་སྣང་བྱས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་གནས་ཚུལ་ཞིབ་ཏུ་ངོ་སྤྲོད་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG