ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་ཧྭ་ཝེ་འགོག་འཆར།


༄༅།། རྒྱ་ནག་གི་ཧྭ་ཝེ་ཁ་པར་དང་བཟོ་ཚོང་ལས་ཁང་དེའི་བརྡ་འཕྲིན་ཡོ་བྱད་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་གིས་སྟངས་འཛིན་བྱས་ཡོད་པའི་གནས་ཚུལ་ཐོན་ནས་བཟུང་། ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་ཐེ་ཝན། ནེའུ་ཛི་ལན་ཌི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཧྭ་ཁ་པར་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་བརྡ་འཕྲིན་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེའི་ཡུལ་གྲུ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཐོན་རིམ་ལྔ་པའི་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་པའི་བསམ་གཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དབྱིན་ཇིའི་ཁ་པར་བཟོ་ཚོང་ལས་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ལས་དོན་ཁག་ཅིག་མཉམ་འབྲེལ་བྱ་རྒྱུ་མཚམས་བཞག་སྟེ་རྒྱ་ནག་གི་ཁ་པར་བཟོ་ཚོང་ལས་ཁང་དེར་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་ཀྱི་གྱོང་གུད་ཕོག་གི་ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀ་སོགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་ཐོན་རིམ་ལྔ་པར་དོགས་ཟོན་བྱ་དགོས་པ་ཞིག་ལ་རྩིས་འདུག

ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རང་གི་ཚོགས་འཐུས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྒྲིག་འཛུགས་ལ་རྒྱ་ནག་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག ང་ཚོས་ཧྭ་ཝེའི་ཁ་པར་དང་ཁ་པར་བཟོ་ཚོང་ཁང་དེའི་བརྡ་འཕྲིན་ཡོ་བྱད་བརྒྱུད་ནས་སྐད་ཆ་བཤད་པ་དང་ཕན་ཚུན་ཡིག་ཆ་བསྐུར་ལེན་བྱས་པ་རྣམས་རྒྱ་ནག་གཞུང་གི་ལྐོག་ཉན་བྱེད་ཐུབ་པ་དང་ལྟ་ཀློག་ཐུབ་ཀྱི་འདུག་ཅེས་དོགས་སློང་བྱས་ཡོད་པར་རྒྱུ་མཚན་མེད་པ་ག་ལ་ཡིན་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་དང་བརྡ་འཕྲིན་ཡོ་བྱད་རྣམས་བཀོལ་སྤྱོད་བྱ་རྒྱུར་འཛོམ་ཟོན་བྱེད་ཀྱི་ཡོད་ཅིང་། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རང་གི་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་སྤྱི་དམངས་སྒེར་པ་ཚོར་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཁ་པར་དང་བརྡ་འཕྲིན་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་མེད་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་ཁྲོམ་ར་ཁག་ཅིག་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་བྱ་སྲིད་རྟགས་མཚན་གསལ་བོ་ཐོན་འདུག

ཉེ་ཆར་ཨ་མི་རི་ཀས་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱས་པ་དང་། ཡུ་རོབ་རྒྱལ་ཁབ་ཕོ་ལན་ཌིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་ལས་བྱེད་པ་ཞིག་གསང་ཉུལ་ཡིན་པའི་ནག་ཉེས་བཙུགས་པར་མ་ཟད། ཕོ་ལན་ཌིའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཧྭ་ཝེ་ཁ་པར་ཐོན་རིམ་ལྔ་པ་འཚོང་འགྲེམ་བྱེད་མི་ཆོག་ཅེས་གཞུང་འབྲེལ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་དང་ཁེ་ནེ་ཌའི་གཞུང་གིས་ཧྥིན་ལན་ཌི་རྒྱལ་ཁབ་ཀྱི་ནོ་ཀི་ཡ་ཁ་པར་བཟོ་ཚོང་ལས་ཁང་ལ་ཨ་སྒོར་ས་ཡ་༣༠་རོགས་རམ་སྤྲད་ནས་ཁ་པར་ཐོན་རིམ་ལྔ་འཚོང་འགྲེམ་བྱ་དགོས་པའི་རོགས་སྐྱོར་བྱས་འདུག འཇར་མན་ཎི་དང་དབྱིན་ཇི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་བཀོལ་སྤྱོད་བྱས་ན་བདེ་འཇགས་མེད་པའི་ཉེན་ཀ་ཡོད་པ་བདེན་པ་རེད། ཡིན་ནའང་རྒྱལ་སྤྱིའི་ཁ་པར་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་ཅེས་མཐའ་གཅིག་ཏུ་བཀག་ན་ཁ་པར་ཐོན་རིམ་ལྔ་པ་ཁྲོམ་ར་ཁག་ལ་འཚོང་འགྲེམ་བྱེད་དུས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཡོ་བྱད་དེ་དག་གི་ཚབ་ཏུ་ཡོ་བྱད་གཞན་པ་མེད་པར་དཀའ་ངལ་འཕྲད་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས་འདུག

ཕྱི་ཟླ་༢་ཚེས་༤་ཉིན་འཇར་མན་གཞུང་གིས་དབྱིན་ཇི་ལ་མིག་དཔེ་བལྟས་ནས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་གི་བརྡ་འཕྲིན་ཡོ་བྱད་ཁག་ལ་བརྟག་དཔྱད་གཟབ་ནན་བྱ་རྒྱུ། དཔེར་ན་རྒྱལ་སྤྱིའི་ཁ་པར་བཟོ་ཚོང་ལས་ཁང་ཁག་གིས་འཇར་མན་ཎིར་ཁ་པར་ཐོན་རིམ་ལྔ་པའི་ཡོ་བྱད་འཛུགས་དུས་འཇར་མན་ཎིའི་རྒྱལ་སྲུང་དང་འཕྲུལ་རིག་ལག་རྩལ། དཔལ་འབྱོར་དང་ནོར་སྲིད་སོགས་གནད་འགག་ཆེ་བའི་ཚན་པ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན། མི་དམངས་དཀྱུས་མ་དང་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་སོགས་ལ་འབྲེལ་བ་མེད་པའི་ཚན་པ་ཁག་ལ་ཧྭ་ཝེ་བཟོ་ཚོང་ཁག་གི་ཁ་པར་དང་བྱོ་ཆད་རྣམས་འགོག་དགོས་མིན་བསམ་གཞིག་བྱ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཟླ་༣་པའི་ཟླ་དཀྱིལ་དེར་འཇར་མན་ཎིར་ཁ་པར་ཐོན་རིམ་ལྔ་པའི་འཕྲུལ་རིག་ལག་རྩལ་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་གང་གི་ཐོན་སྐྱེད་བཀོལ་སྤྱོད་བྱ་རྒྱུ་ཡིན་མིན་ཐག་གཅོད་མ་བྱས་གོང་དུ་འཇར་མན་གཞུང་གིས་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པ་རེད།།

རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ནི་༡༩༨༧་ལོར་མི་དམངས་བཅིངས་འགྲོལ་དམག་གི་དམག་ཞབས་ཟུར་པ་རེན་ཀྲེན་ཧྥེ་ཟེར་པ་ཞིག་གསར་དུ་བཙུགས། ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་ཡིན་པས་རྒྱ་ནག་གི་ཁྲིམས་ལ་བསྟུན་དགོས་པ་དང་རྒྱ་ནག་གཞུང་གི་བཀོད་འདོམས་ལ་ཉན་དགོས། དེར་བརྟེན་འཇར་མན་ཎི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནུབ་ཕྱོགས་ཀྱི་ཁ་པར་བཟོ་ཚོང་ལས་ཁང་ཁག་ལ་སྲིད་གཞུང་ཁག་གིས་ཐེ་གཏོགས་བྱེད་མི་

XS
SM
MD
LG