ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་རྒྱ་གར་དུ་པཎ་ཆེན་རྗེས་དྲན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་སུམ་ཅུ་འཁོར་བའི་རྗེས་དྲན་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད་ཅིང་། རྗེས་དྲན་མཛད་སྒོ་དེར་༧གོང་ས་མཆོག་དང་ས་སྐྱ་ཁྲི་ཆེན། དགའ་ལྡན་ཁྲི་རིན་པོ་དང་གཞུང་ས་དགའ་ལྡན་ཕོ་བྲང་སོགས་སྲི་ཞུ་བ་ཟུར་པ་ཁག་གིས་གསུང་བཤད་གནང་ཡོད་པར་མ་ཟད། རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཉེ་འཁྲིས་སུ་ཕྱག་བཏབ་པའི་བྱེས་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་རུའང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་༣༠་འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་པའི་སྐོར། ང་ཚོའི་གསར་འགོད་པ་ངག་དབང་བསྟན་འཛིན་ལགས་དང་བསྟན་འཛིན་ནོར་བཟང་ལགས་གཉིས་ཀྱིས་ནེའུ་ཡོཀ་དང་རྒྱ་གར་ནས་བཏང་བའི་གནས་ཚུལ་ཁག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG