ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིའི་སྲིད་འཛིན་ཁྲ་རམ་ནས་གཞུང་བསྐྱར་དུ་སྒོ་ཕྱེ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གསལ་བསྒྲགས་གནང་བ།


དེ་ཡང་ཨ་རིའི་སྲིད་འཛིན་ཁྲ་རམ་ནས་རེས་གཟའ་པ་སངས་དང་ཟླ་༡ཚེས་༢༥ཉིན་གྱི་ཉིན་རྒྱབ་ཁོང་དང་གྲོས་ཚོགས་ཕན་ཚུན་གྲོས་མཐུན་བྱུང་སྟེ་ཨ་རིའི་གཞུང་བསྐྱར་དུ་གཟའ་འཁོར་གསུམ་རིང་སྒོ་མོ་ཕྱེ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག

སྲིད་འཛིན་ཁྲ་རམ་ནས་གཞུང་སྒོ་བརྒྱབ་པའི་གནས་སྟངས་མཇུག་སྒྲིལ་རྒྱུ་མ་ཟད། ཨ་རིའི་གཞུང་བསྐྱར་དུ་སྒོ་ཕྱེ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་ཕོ་བྲང་དཀར་པོའི་མེ་ཏོག་ལྡུམ་རྭ་ནས་གསར་འགོད་པར་གསུངས་འདུག གྲོས་མཐུན་འདིའི་ནང་ཨ་རིའི་གཞུང་ལ་སྤྱི་ཟླ་༢ཚེས་༡༥བར་འགྲོ་གྲོན་མཁོ་སྤྲོད་གནང་རྒྱུ་ཡིན་པ་ལས་གྲོས་མཐུན་ནང་ས་མཚམས་ལ་གྱང་རྒྱག་རྒྱུའི་རྩོད་གླེང་ལ་འགྲོ་གྲོན་གཏོང་རྒྱུ་ཚུད་མེད་པ་རེད་འདུག དེ་ནི་སྲིད་འཛིན་ཁྲ་རམ་ནས་དེའི་སྔོན་བཏོན་པའི་རེ་འདུན་ཆགས་ཀྱི་ཡོད། སྲིད་འཛིན་ནས་གསུངས་པར། གནས་སྐབས་གཞུང་སྒོ་ཕྱེ་པའི་དུས་ཡུན་རིང་ཚོགས་པ་གཉིས་ཀྱི་མི་སྣ་ལས་གྲུབ་པའི་ཚོགས་ཚུང་ཞིག་བཙུགས་ཏེ་ས་མཚམས་ཀྱི་བདེ་འཇགས་གནད་དོན་ཐད་དཔྱད་དཔོག་གནང་རྒྱུ་དང་། ཡིན་ནའི་དེའི་སྔོན་གྱི་བཀའ་མོལ་དང་མི་མཐུན་པ་ཞིག་ནི་ཁོང་གིས་ཨ་རི་དང་མེག་སི་ཁོའོ་ས་མཚམས་ཁྱོན་ཡོངས་ལ་ཨར་འདམ་གྱི་གྱང་རྒྱག་རྒྱུའི་རེ་འདུན་བཏོན་མེད་པ་རེད་འདུག སྲིད་འཛིན་གྱི་གྲོས་མཐུན་བྱུང་བའི་གསལ་བསྒྲགས་གནང་སྐབས་ཨ་རིའི་གཞུང་གི་ཚན་པ་ཁག་ཅིག་སྒོ་བརྒྱབ་ནས་ཉིན་གྲངས་༣༥འགྲོ་ཡི་ཡོད་པ་དང་། གཞུང་ཞབས་པ་འབུམ་བརྒྱད་ཙམ་ལ་རེས་གཟའ་པ་སངས་གྱི་ཉིན་འདིར་གླ་ཕོགས་ཐེངས་གཉིས་པ་ལེན་རྒྱུ་མེད་པའི་གནས་སྟངས་འོག་ཡོད་འདུག

XS
SM
MD
LG