ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཁེ་ན་ཌའི་སྲིད་བློན་ལ་སྐྱོན་བརྗོད།


རྒྱ་ནག་གིས་ཉལ་ཐ་ནག་ཚོང་གི་ཉེས་མིང་འོག་ཏུ་ཁེ་ན་ཌའི་ཡུལ་མི་གཅིག་ལ་སྲོག་ཁྲིམས་བཅད་པར་ཁེ་ན་ཌའི་སྲིད་བློན་ཇཱ་སི་ཌིན་ཊུ་ཊོར་གྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། རྒྱ་ནག་གིས་ཁེ་ན་ཌའི་སྲིད་བློན་གྱི་སྐྱོན་བརྗོད་ཁག་ནི་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་མེད་བྱས་པ་ཞིག་དང་རྒྱ་ནག་གི་ཁྲིམས་ལུགས་བདག་དབང་ལ་བརྩི་བཀུར་བྱ་དགོས་ཞེས་ལན་འདེབས་བྱས་འདུག ཉེ་དུས་ཤིག་ནས་རྒྱ་ནག་དང་ཁེ་ནེ་ཌའི་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པར་ཡོད་མ་ཟད། ད་ལྟ་རྒྱལ་ཁབ་གཉིས་ཀྱི་ཡུལ་མི་རྣམས་ཕན་ཚུན་འགྲོ་སྐྱོད་བྱ་རྒྱུ་དེ་ལའང་དོགས་ཟོན་བྱ་དགོས་ཞེས་མང་ཚོགས་ལ་ཉེན་བརྡ་བཏང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཞིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG