ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་ལས་དབང་ཐེ་ཝན་པས་ཐག་གཅོད་བྱ་དགོས།


༄༅།། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སི་ཊིབ་ཆ་བྷོ་ཊིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཉེ་ཆར་ཐེ་ཝན་ལ་འཇིགས་སྐུལ་གྱི་གཏམ་བཤད་བྱས་པ་དེར་སྐྱོན་བརྗོད་དང་། ཁོང་གིས་ཨ་མི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་རྩ་འཛིན་བྱེད་ཀྱི་ཡོད་པར་བསྐྱར་ཞིབ་བྱ་ཞེས་འབོད་སྐུལ་ཞུས་ཡོད་པར་མ་ཟད། ཐེ་ཝན་གྱི་མདུན་ལམ་ནི་མཚོ་གླིང་དེའི་མི་དམངས་ཐེ་ཝན་པ་རྣམས་མོས་མཐུན་ཡོད་པའི་ཞི་བའི་བྱ་ཐབས་ཤིག་ལ་རྟེན་ནས་ཐག་གཅོད་བྱ་དགོས་ཞེས་གསལ་སྟོན་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG