ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ནད་རིགས་ཞིབ་འཇུག་གི་རྙེད་དོན་རྒྱ་ནག་གིས་རྐུ་འཁྱེར་བྱ་སྲིད།


༄༅།། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རང་ཡུལ་གྱི་ནད་རིགས་ཞིབ་འཇུག་པ་ཚོར་རང་གི་ཞིབ་འཇུག་རྙེད་དོན་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་སྔོན་བརྡ་བཏང་ཡོད་ཅིང་། རྒྱ་ནག་གིས་སློབ་ཕྲུག་དང་ཉམས་ཞིབ་པ་ཚོས་ཨ་རིའི་སྨན་རྫས་དང་ནད་རིགས་བཅོས་ཐབས་ཞིབ་འཇུག་བྱེད་མཁན་ཚོའི་ཞིབ་འཇུག་གྲངས་ཐོ་དང་རྙེད་དོན་རྣམས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྐུ་འཁྱེར་གྱིས་རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པའི་བརྟག་དཔྱད་ཁང་དེ་དག་གི་ནང་དུ་ཚོད་ལྟ་བྱས་ནས་སྨན་རྫས་གསར་པ་བཟོ་སྒྲུབ་དང་ཚོང་འགྲེམ་བྱ་སྲིད་པར་བརྟེན། ཨ་རིའི་ནད་རིགས་ཞིབ་འཇུག་པ་ཚོས་དོགས་ཟོན་གཟབ་ནན་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར། བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG