ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་ཇུང་ཨུན་གྱི་རྒྱ་ནག་གི་འཚམས་འདྲི་མཇུག་སྒྲིལ།


བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཉིན་གཉིས་ཀྱི་རིང་ལ་པེ་ཅིང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་མཇལ་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་རང་ཡུལ་དུ་ཕྱིར་ལོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཀིམ་ཇུང་ཨུན་གྱི་འཚམས་འདྲི་དེ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་མགྲོན་འབོད་བྱས་པ་ལྟར་ཕེབས་པ་ཞིག་ཡིན་ཞེས་ཡོངས་གྲགས་སུ་བསྒྲགས་ཀྱང་ཉི་མ་གཉིས་ཀྱི་རིང་དེར་གནས་ཚུལ་ཅི་ཞིག་བྱུང་བ་རྣམས་གསང་རྒྱ་ཧ་ཅང་དམ་པོ་བྱས་ཡོད་ཅིང་། དབྱེ་ཞིབ་པ་ཚོས་ཀིམ་ཇུང་ཨུན་རྒྱ་ནག་ལ་ཕེབས་དོན་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་མཇལ་འཕྲད་ཐེངས་གཉིས་པ་ཞིག་བྱ་སྲིད་པར་འབྲེལ་བ་ཡོད་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG