ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ནན་སི་ཕེ་ལོ་སིར་རྟེན་འབྲེལ་གྱི་གསུང་འཕྲིན་བསྩལ་པ།


༄༅།། ནན་སི་ཕེ་ལོ་སི་སླར་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་གྱི་གསུང་འཕྲིན་ཞིག་བསྩལ་འདུག

༧གོང་ས་མཆོག་གི་གསུང་འཕྲིན་དེར་ཨ་མི་རི་ཀ་འཛམ་གླིང་གི་རང་དབང་རྒྱལ་ཁབ་ཁག་གི་སྣེ་ཁྲིད་ཡིན་པའི་ཡིད་ཆེས་ཡོད་པ་བསྐྱར་ཟློས་དང་ནན་སི་ཕེ་ལོ་སིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ནས་ད་ལྟའི་གཉན་འཕྲང་གི་དུས་སྐབས་འདིར་ཨ་མི་རི་ཀའི་སྣེ་ཁྲིད་ལ་རོགས་ཕན་བསྒྲུབ་ཐུབ་པའི་གདེང་ཚོད་ཡོད་ཅེས་འཁོད་ཡོད་པར་མ་ཟད། ༧གོང་ས་མཆོག་དང་ནན་སི་ཕེ་ལི་སི་སྐུ་སྒེར་གྱི་མཛའ་འབྲེལ་བཟང་པོ་བྱུང་བར་རྗེས་སུ་ཡི་རངས་དང་། འདས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་རིང་དུ་ནན་སི་ཕེ་ལོ་སིས་བོད་མི་དམངས་ཀྱི་དྲན་བདེན་འཐབ་རྩོད་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་གསུང་འདུག

དེ་ཡང་གོང་ས་མཆོག་གི་གསུང་འཕྲིན་དུ་འཁོད་དོན། “བོད་ཀྱི་ཡུན་རིང་གི་ལོ་རྒྱུས་ནང་དུ་ཆེས་གཉན་འཕྲང་གི་དུས་སུ་སྐུ་ཉིད་ཀྱི་མཛའ་འབྲེལ་དང་རྒྱབ་སྐྱོར། གདུང་སེམས་མཉམ་སྐྱེད་རྣམས་ནི་ང་ཚོའི་ཡུན་རིང་དང་དཀའ་ངལ་ཆེ་བའི་དྲང་བདེན་དང་རང་དབང་གི་འཐབ་རྩོད་ལ་རེ་བ་དང་ཡར་སྐུལ། སྟོབས་བཅས་ཀྱི་འབྱུང་རྩ་ཞིག་ཏུ་གྱུར་ཡོད།།

ད་ལྟ་བོད་མི་དམངས་ཀྱི་བདེ་སྡུག་ཚུད་པའི་འཛམ་གླིང་ཡུལ་གྲུ་གང་སར་ངེས་གཏན་མེད་པ་དང་ཡོ་ལང་ཆེ་བའི་དུས་སྐབས་ཤིག་ཤར་ཡོད་ཀྱང་ངོས་རང་སྔར་བཞིན་མཐར་ཐུག་བདེན་པ་དང་དྲང་བདེན། འགྲོ་བ་མིའི་རྣམ་དཔྱོད། ཚུལ་མཐུན་བཅས་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་”ཅེས་བཀོད་དོ།།

XS
SM
MD
LG