ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་རྡུ་ནེ་ཤི་ཡའི་ཁ་ཆེ་ཚོས་ཡུ་གུར་བའི་བདེ་སྡུག་གླེང་སློང་།


ཨིན་རྡུ་ནེ་ཤི་ཡའི་རྒྱལ་ས་ཇཱ་ཀ་ཏར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱལ་ཁབ་དེའི་ཁ་ཆེའི་མི་མང་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཀྱིས་དཀོན་མཆོག་རླབས་ཆེན་ཡིན། དམར་ཤོག་པ་རྣམས་ཞིན་ཅང་ནས་ཕྱིར་ལོག་ཅིག་ཅེས་སྐད་འབོད་བྱས་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་དང་དྲག་རྡུང་། ད་ལྟ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག ཨིན་རྡུ་ནེ་ཤི་ཡའི་མི་མང་ངོ་རྒོལ་བ་ཚོས་ཞིན་ཅང་གི་ཁ་ཆེ་ཡུ་གུར་བ་ཚོས་རྒྱ་གཞུང་གི་དྲག་གནོན་འོག་ཏུ་གདུག་རྩུབ་ཆེན་པོ་མྱོང་བཞིན་ཡོད། ང་ཚོིས་ཞིན་ཅང་གི་ཡུ་གུར་བའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་དང་ཡུ་གུར་བ་ཚོར་ཆོས་ལུགས་དད་མོས་རང་དབང་དགོས། ཁོ་ཚོར་ཆོས་ལུགས་མཉམ་ལེན་བྱེད་ཆོག་པའི་ཐོབ་ཐང་དགོས། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཁ་ཆེ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པའི་སྐོར། ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གཙོས་རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG