ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།


ཉེ་ཆར་རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་དེའི་འགན་འཛིན་ཨ་མི་རི་ཀའི་རེ་འདུན་ལྟར་ཁེ་ན་ཌའི་ས་ཐོག་ཏུ་འཛིན་བཟུང་བྱས་ཡོད་ཅིང་། ཧྭ་ཝེ་བཟོ་ཚོང་ལས་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེང་ཝེ་ཀྲུག་བཟུང་བྱས་པ་དེས་རྒྱ་ནག་དང་ཨ་རིའི་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་དོ་ཕོག་འབྱུང་སྲིད་པའི་གནས་ཚུལ་ཞིག་ཐོན་མོད། འོན་ཀྱང་ཕྱི་ཟླ་༡༢་ཚེས་༡༡་ཉིན་ཨ་རི་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་རྣམ་པ་ཁ་པར་ཐོག་ཏུ་གྲོས་མོལ་བྱུང་ཡོད་པ་དེ་ལ་གཞིགས་ན་ཕྱོགས་གཉིས་ཚོང་འབྲེལ་གྱི་དཀའ་ངལ་རྒྱུ་དེར་ཆོ་སེམས་མུ་མཐུད་དུ་བཙུགས་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG