ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ཉེས་ཆད་དང་ཡུ་གུར་བའི་དཀའ་ངལ་སེལ་དགོས།


༄༅།། གཟའ་ཟླ་བ་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་༧༠་འཁོར་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་མནར་གཅོད་དང་དཀའ་སྔུག་ཆེན་པོ་བྱུང་བའི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་དོན་ཚན་ ༣༠་པའི་ནང་དུ་སྲིད་གཞུང་ཁག་གིས་ཕྱི་ལོ་༡༩༣༠་སོ་གྲང་ནས་༡༩༤༠་ཞེ་གྲངས་བར་དུ་བྱུང་བའི་མནར་གཅོད་ཀྱི་རིགས་རྣམས་བཀག་འགོག་བྱ་རྒྱུའི་ཁས་ལེན་ཡོད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདིར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་ལ་ཉེས་ཆད་དྲག་པོ་གཅོད་དགོས། ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཐེབས་བཞིན་པ་འགོག་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་སྐོར། བློ་བཟང་བསྟན་པས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG