ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་རོབ་མཉམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས།


ཕྱི་ཟླ་༡༢་པའི་ཚེས་༡༠་འདི་ནི་ཐོག་མར་ཕྱི་ལོ་༡༩༤༨་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་༧༠་འཁོར་པའི་རྗེས་དྲན་གྱི་ཉིན་མོ་ཡིན་ཞིང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་ཉིན་མོ་འདིར་ཡུ་རོབ་མཉམ་འབྲེལ་གྱིས་སྤེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་སུ་རྒྱལ་སྤྱིས་གཏན་འབེབས་གནང་བའི་ཆོད་ཡིག་དེར་རྩ་འཛིན་ཞུ་རྒྱུ་བསྐྱར་དུ་ཁས་ལེན་ཞུས་པ་དང་སྦྲགས། དུས་དྲན་འདིའི་སྐབས་སུ་་རྒྱ་ནག་སྤྱི་དང་། ལྷག་པར་བོད་དང་ཞིན་ཅང་གི་ཡུ་གུར་བ་གྲངས་ཉུང་མི་རིགས་རྣམས་གནས་སྡོད་བྱ་ཡུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུ་དེར་རྒྱ་ནག་གཞུང་ལ་གྲོས་མོལ་བྱ་རྒྱུའི་འདུན་པ་དང་གྲ་སྒྲིག་ཡོད་ཅེས་བཀོད་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG