ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཡུལ་ལ་རང་དབང་གི་གདམ་ཀ་སྤྲད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སང་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་དབྱིན་གཞུང་དང་ཡུ་རོབ་མཉམ་འབྲེལ་གྱིས་གྲོས་མཐུན་ཟིན་བྲིས་ཤིག་ལ་མིང་རྟགས་བཀོད་པར་རྒྱབ་སྐྱོར་ཡོད་མེད་ཐག་གཅོད་བྱེད་དུ་འཆར་ཡོད་ཅིང་། དབྱིན་ཇིའི་གྲོས་ཚོགས་སུ་གནད་དོན་དེར་གྲོས་བསྡུར་མ་བྱས་པའི་ཉི་མ་གཅིག་གི་སྔོན་དེར་ཡུ་རོབ་མཉམ་འབྲེལ་གྱི་ཁྲིམས་ཁང་གིས་དབྱིན་ཡུལ་མུ་མཐུད་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྡོད་འདོད་ཡོད་ན་ཚོགས་འཐུས་རྒྱལ་ཁབ་ཁག་མོས་མཐུན་ཡོད་མེད་གྲོས་བསྡུར་བྱ་མི་དགོས། དབྱིན་ཇི་གཅིག་པུས་རང་ཉིད་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་འཕྲུ་སློག་གཏོང་ཆོག་ཅེས་གསལ་བསྒྲགས་སྤེལ་འདུག

ཡུ་རོབ་མཉམ་འབྲེལ་ཁོངས་ནས་དབྱིན་ཇི་ཕྱིར་འཐེན་བྱས་པར་ཡུ་རོབ་མཉམ་འབྲེལ་གྱི་དགོས་འདུན་ཕལ་ཆེ་བ་གྲུབ་ཡོད་ཀྱང་དབྱིན་ཇིའི་དགོས་འདུན་མང་ཆེ་བ་གྲུབ་མེད་པས་གྲོས་མཐུན་གྱི་ཟིན་བྲིས་དེ་འདྲ་ཞིག་ལ་དབྱིན་ཇིའི་སྲིད་བློན་གྱིས་མཚན་རྟགས་བཀོད་པར་དབྱིན་ཇིའི་གྲོས་ཚོགས་སུ་ངོ་རྒོལ་བྱེད་མཁན་ཤུགས་ཆེན་འབྱུང་བཞིན་ཡོད་པས་སང་ཉིན་གྱི་ཐག་གཅོད་དེས་སྲིད་བློན་ཊ་རི་ས་མཱེའི་ཆབ་སྲིད་ཀྱི་མདུན་ལམ་ལ་དོ་ཕོག་གཏོང་སྲིད་པར་མ་ཟད། ཐ་ན་དབྱིན་ཇིའི་གྲོས་ཚོགས་སུ་སྲིད་བློན་ཊེ་རེ་ས་མཱེའི་འགོ་ཁྲིད་ལ་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་ནས་སྲིད་གཞུང་མགོ་རྟིང་སློག་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་དབྱེ་ཞིབ་པ་ཚོས་སྤེལ་བའི་གནས་ཚུལ་དེ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG