ངོ་འཕྲད་བདེ་བའི་དྲ་འབྲེལ།

སུད་སིའི་བོད་པའི་ཁྱིམ་ཚང་ཞིག་གིས་བདེ་ལེགས་སྨན་ཁང་ལ་རོགས་རམ།


ཡུ་རོབ་རྒྱལ་ཁབ་སུད་སིར་གནས་བཞུགས་ཆུ་ཡུལ་པ་ཞེས་པའི་ཁྱིམ་ཚང་དེས་བཞུགས་སྒར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་ལ་དཔལ་འབྱོར་རོགས་རམ་གྱིས་རྒྱ་གར་གྱི་ཅན་དྷི་གྷར་གྲོང་ཁྱེར་དུ་ནད་གསོ་ཁང་ཞིག་གསར་འཛུགས་གནང་ཡོད་པས་སྦྱིན་བདག་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་གིས་གོ་སྒྲིག་ཞུས་ཡོད་ཅིང་། མཛད་སྒོའི་ཐོག་ཏུ་འཕྲོད་སྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཏེ། སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་སོགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་བར་མ་ཟད། བོད་པ་ཚོས་རང་གི་སྤྱི་ཚོགས་ལ་རོགས་རམ་གྱི་དམིགས་དཔེ་བཟང་པོ་ཞིག་བསྟན་པ་རེད་ཅེས་བསྔགས་བརྗོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG