ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲོས་ཚོགས་གོང་མའི་ཉན་ཞིབ་སྐབས་སུ་བོད་དོན་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་ཕྱི་ཟླ་༡༢་པའི་ཚེས་༤་ཉིན་མོར་ཨ་རིའི་གྲོས་ཚོགས་གོང་མའི་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཉན་ཞིབ་ཐེངས་གསུམ་པ་སྟེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་ལམ་ལུགས་སོགས་ལ་ཉ་ཞིབ་ཅིག་གནང་ཡོད་ཅིང་། སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱ་རྒྱུ་དང་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ཐོག་ལ་གཏན་འབེབས་འབྱུང་མཚམས་སུ་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁོ་རེལ་གྷ་ཌེ་ནར་གྱིས་རྒྱ་ནག་གིས་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཅིག་བསྐོ་གཞག་བྱས་ན་ཨ་རིའི་གྲོས་ཚོགས་ཀྱིས་དེ་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་གསུངས་འདུག ཁ་སང་གི་ཉན་ཞིབ་དེའི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་པ་སངས་དབྱངས་སྐྱིད་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG