ངོ་འཕྲད་བདེ་བའི་དྲ་འབྲེལ།

གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་༧གོང་ས་མཆོག་གི་གསུང་འཕྲིན།


ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌེའི་ནང་དུ་རྒྱལ་ཁབ་༢༠༠་ཙམ་གྱི་འཐུས་མི་ལྷན་འཛོམས་ཀྱིས་གཟའ་འཁོར་གཉིས་ཀྱི་རིང་དེར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་སའི་གོ་ལའི་ཚ་དྲོད་རྒྱས་པ་འགོག་ཐབས་ལ་གྲོས་བསྡུར་བྱེད་པའི་ཚོགས་ཆེན་ཞིག་ཚོགས་བཞིན་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་དེར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་སྐོར་གཏམ་བཤད་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དེར་དམིགས་སུ་བཀར་ནས་སྩལ་བའི་གསུང་འཕྲིན་ཞིག་ཐད་ཀར་འབུལ་ལམ་ཞུ་འཆར་ཡོད་པའི་གནས་ཚུལ་ཐོན་པའི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG