ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོའི་སྐུ་ཕུང་ཞུགས་འབུལ།


དེ་རིང་སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་མོར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྲིད་དོན་བཙོན་ཟུར་གྲགས་ཅན་སྐུ་གཞོག་དཔལ་ལྡན་རྒྱ་མཚོ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་སྤྱི་འཐུས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དེ་བཞིན་རྒྱལ་གཅེས་དཔའ་བོ་དམ་པ་དེར་དད་གུས་ཆེན་པོ་ཞུ་མཁན་སེར་སྐྱ་མི་མང་སོགས་སྐུ་ཕུང་ཞུགས་འབུལ་སར་ཕེབས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་པ་སོགས་ཀྱི་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG