ངོ་འཕྲད་བདེ་བའི་དྲ་འབྲེལ།

ཆོས་དད་རང་དབང་གི་ཉན་ཞིབ།


ཆོས་དད་རང་དབང་གི་ཉན་ཞིབ།
please wait

No media source currently available

0:00 0:05:06 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་ཆོས་དད་རང་དབང་ལ་ཉན་ཞིབ་ཚོགས་འདུ་ཞིག་བསྐོངས་ཏེ་ཞིན་ཅང་གི་ཁ་ཆེ་ཡུ་གུར་བ་དང་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ། ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་བཅས་ཆོས་ལུགས་་ཀྱི་ཁྱབ་ཁོངས་མི་འདྲ་བའི་མི་ཚོས་རྒྱ་ནག་གི་གནས་སྟངས་གང་འདྲ་ཞིག་ལ་གྱུར་ཡོད་མེད་ཞུ་གཏུག་བྱས་པར་ཨ་རིའི་གྲོས་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱི་ཟླ་༡༡་ཚེས་༢༨་སྟེ། གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་དང་ཨ་རིའི་གྲོས་ཚོགས་འཐུས་མི་མཱར་ཁོ་རུ་བྷིའོ་དང་ཁེ་རི་སི་སེ་མཱི་ཐེ་གཉིས་ཟུང་འབྲེལ་ཐོག་ཏུ་རྒྱ་ནག་གི་ཆོས་དད་རང་དབང་སྐོར་གྱི་ཉན་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཨ་རིའི་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ཀྱང་ཉན་ཞིབ་དེར་མཉམ་ཞུགས་བྱས་པར་མ་ཟད། ཞིན་ཅང་གི་བསམ་བློ་སྒྱུར་བཀོད་ཀྱི་བཀག་ཉར་ཁང་དུ་ཡ་ང་བའི་གདུག་རྩུབ་དངོས་སུ་མྱངས་མྱོང་ཡོད་པ་ཡུ་གུར་བ་མཱི་ནཱ་དང་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཀྱི་ཉམས་ཞིབ་པ་བཅས་ཀྱིས་རྒྱ་ནག་གི་ཆོས་དད་རང་དབང་གི་གནས་སྟངས་སྙན་སེང་ཞུས་ཡོད་པ་རེད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཡུན་རིང་ལ་ཆོས་ལུགས་ཁྱབ་ཁོངས་སུ་དྲག་གནོན་བྱེད་བཞིན་ཡོད་ཅིང་། ད་ལྟ་ཞིན་ཅང་གི་ཁ་ཆེ་ཡུ་གུར་བ་མང་པོ་བསམ་བློ་སྒྱུར་བཀོད་ཀྱི་བཙོན་ཁང་ཁག་ཏུ་བཀག་ཉར་བྱེད་བཞིན་པ་དང་ཆབས་ཅིག བོད་ཀྱི་གྲྭ་བཙུན་རྣམས་ལ་བཙན་ཤེད་ཀྱིས་ཆབ་སྲིད་སློབ་གསོ་སྤེལ་བཞིན་པ་བཅས་ཀྱི་གནས་སྟངས་ཛ་དྲག་ཅན་རྣམས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་སྙན་སེང་ཞུས་སོང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་ཕྱོགས་སྒྲིག་བྱེད་པའི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་པའི་གྱོད་དོན་སྟོང་དྲུག་ལྷག་ཡོད་པ་དང་། ད་ལྟའི་ཆར་གྱོད་དོན་ཁག་༧༥༠་ལྷག་ཁྲིམས་བཤེར་བྱེད་བཞིན་འདུག ད་དུང་རྒྱ་ནག་གི་མི་མང་པོ་ཞིག་གིས་དྲག་གནོན་དང་དམ་དྲག་ཆེ་ཤོས་ཤིག་ལ་གདོང་ལེན་བྱ་དགོས་འབྱུང་གི་འདུག འདི་ནི་རིག་གནས་གསར་བརྗེའི་གཞུག་གི་ཆེས་སྐྱི་གཡའ་བའི་གནས་སྟངས་ཛ་དྲག་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་པ་ར་སྤྲོད་བྱས་འདུག
XS
SM
MD
LG