ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་དཀར་ནག་གི་འགོ་ཁྲིད་གཉིས་ཐུག་འཆར།


གཟའ་སྤེན་པ་འདིར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་ས་བྷེ་ནོ་སི་ཨ་རིར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་གནང་འཆར་ཡོད་པར་མ་ཟད། ན་ནིང་དཀར་ནག་གཉིས་ཀྱིས་བོད་ཀྱི་ས་མཚམས་ས་ཁག་ཏུ་དམག་རྒྱག་གྲབས་བྱས་ཏེ་ཛ་དྲག་གི་གནས་ཚུལ་བྱུང་བས་ལྡི་ལི་གསར་པ་དང་པེ་ཅིང་གི་འབྲེལ་བར་དོ་ཕོག་བྱུང་བ་དང་། ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཀྱིས་རྒྱ་དཀར་ནག་གི་འབྲེལ་བསྐྱར་གསོ་ཡོང་ཐབས་སུ་གྲོས་མོལ་གནང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG