ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཐུག་འཆར།


༄༅།། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་ས་བྷེ་ནོ་སི་ཨ་རི་གྲོང་ཁྱེར་དུ་གཟའ་སྤེན་པ་འདིར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། ད་ལོའི་ཚོགས་ཆེན་ཞོར་དུ་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་གནང་འཆར་ཡོད་ཀྱང་ཕྱོགས་གཉིས་ཀྱི་ཚོང་དམག་དེ་མཇུག་བསྒྲིལ་ཐུབ་པའི་ངེས་གཏན་མེད་པར་མ་ཟད། ཐ་ན་བྱང་ཀོ་རི་ཡའི་གནད་དོན་ཐོག་ཏུའང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་མེད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG