༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་རྒྱུར་ཨ་སྒོར་འཐེར་འབུམ་༧༠༠་ལྷག་ལོ་རེའི་སྔོན་རྩིས་ཁོངས་སུ་བཅུག་ནས་གྲོས་ཚོགས་ཀྱིས་བཀའ་འཁྲོལ་ཐོབ། ཡིན་ནའང་ད་ཆ་ཨ་རིའི་བུན་ནག་གི་མ་དངུལ་ཧ་ཅང་མཐོ་རུ་འགྲོ་བཞིན་ཡོད་སྟབས་དམག་དོན་འགྲོ་གྲོན་ཉུང་དུ་གཏོང་དགོས་ཐུག་སྲིད་ཀྱང་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་དམག་དམག་དོན་འགྲོ་གྲོན་འཕར་སྣོན་གཏོང་གི་ཡོད་པས་ཨ་མི་རི་ཀས་དེ་ལ་གདོང་ལེན་བྱ་དགོས་པ་ལྡོག་ཏུ་མེད་ཅིང་། དེར་བརྟེན་ཨ་རིའི་རྒྱལ་སྲུང་འཐབ་ཇུས་ཀྱི་བགྲོ་གླེང་རྣོ་ངར་ཆེ་རུ་འགྲོ་སྲིད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པ་རྣམས་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།