ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་སིངྒ་པུར་བརྒྱུད་ནས་རྒྱ་གར་ཕེབས་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་དུས་ཕྱི་ཚེས་༡༢་ནས་ཚེས་༢༣་བར་དུ་ཉི་ཧོང་གི་ས་གནས་ཁག་ཏུ་ཉིན་བཅུའི་རིང་ལ་མཛད་འཕྲིན་རྒྱ་ཆེན་ཞིག་བསྐྱངས་པ་རྣམས་རེ་ཞིག་ལེགས་བྱུང་སྟེ། དེ་རིང་རེས་གཟའ་པ་སངས་ཏེ། ཕྱི་ཟླ་༡༡་ཚེས་༢༣་ཉིན་མགོན་པོ་གང་ཉིད་ཉི་ཧོང་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་བརྒྱུད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཞལ་བསྒྱུར་ཡོད་ཅིང་། ད་རེས་ཀྱི་ཉི་ཧོང་ཆིབས་སྒྱུར་སྐབས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁྲིམས་བཟོ་བ་རྣམས་ལ་མཇལ་འཕྲད་དང་ཉི་ཧོང་གི་ཀླད་ཁམས་རིག་པ་ཚོར་བགྲོ་གླེང་། གཞན་ཡང་ཉི་ཧོང་གི་སློབ་ཆེན་ཁག་དང་མང་ཚོགས་བཅས་ལ་ལམ་སྟོན་བཀའ་སློབ། དེ་བཞིན་རྒྱ་ནག་དང་ཐེ་ཝན། སོག་པོ་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་ནང་པའི་སྤྱི་མཐུན་ས་གནས་ཁག་ནས་ཕེབས་པའི་ཆོས་ཞུ་བ་གཙོས་འཛམ་གླིང་གི་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་པ་མི་མང་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་བརྩལ་གནང་མཛད་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཉི་ཧོང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་སུ་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ཕྱོགས་བསྡུས་ཀྱིས་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཉི་ཧོང་གི་མཛད་འཕྲིན་གྲུབ་པ།
please wait

No media source currently available

0:00 0:04:06 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG