ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྲིད་འཛིན་ཊམ་དང་ཞིའི་མཇལ་འཕྲད།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཟླ་བ་འདིའི་ཟླ་མཇུག་གམ། ཡང་ན་ཕྱི་ཟླ་༡༢་པའི་ཚེས་༡་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་སར་འཚོགས་རྒྱུའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་སྐབས་སུ་ཟུར་ མཇལ་གནང་རྒྱུའི་འཆར་གཞི་ཡོད་ཅིང་། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱི་ཆེས་མཐོའི་མཇལ་འཛོམས་དེ་ནི་འབྲེལ་ཡོད་རྒྱལ་ཁབ་གཉིས་ལ་ཚོང་དམག་ཆེན་པོ་ཞིག་ལངས་ཡོད་པ་མཚམས་འཇོག་ཐུབ་མིན་དང་། མ་འོངས་པའི་འབྲེལ་ལམ་དེ་ཉིད་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་སོགས་ཀྱི་འགག་རྩར་ཐུག་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG