ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྱི་འཐུས་ཚོགས་གཙོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད།


བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དེང་སྐབས་ཡུ་རོབ་རྒྱ་ཁབ་བྷེལ་ཇེམ་དང་ཧྥ་རན་སི་གཉིས་ལ་གཞུང་དོན་དུ་ཕེབས་ཡོད་ཅིང་། ཕྱི་ཚེས་༢༠་དང་༢༡་གཉིས་ལ་སྤྱི་འཐུས་ཚོགས་གཙོས་བྷེལ་ཇེམ་གྱི་གྲོས་ཚོགས་སུ་ཚུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ལ་མཇལ་འཕྲད་གནང་ནས་བོད་ནང་གི་ཡ་ང་བའི་གནས་སྟངས་ཁག་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་འཐབ་རྩོད་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG