ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གི་ཉི་ཧོང་གི་མཛད་འཕྲིན།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་༢་ཀྱི་རིང་ལ་ཉི་ཧོང་དུ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་གསུང་ཆོས་གནང་ཡོད་ཅིང་། ཕྱི་ཚེས་༡༥་ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་ཀླད་ཁམས་རིག་པ་བ་གཙོས་ཚན་རིག་པ་ཚོར་བགྲོ་གླེང་གནང་ཡོད་པར་མ་ཟད། དེའི་རྗེས་སུ་རིམ་བཞིན་ཉི་ཧོང་གི་སློབ་ཆེན་ཁག་དང་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་དང་བཀའ་སློབ་གནང་སྟེ། ཕྱི་ཚེས་༢༣་བར་དུ་༧གོང་ས་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་རྒྱ་ཆེན་ཞིག་བསྐྱང་འཆར་ཡོད་པ་བཅས་ཀྱི་སྐོར། ཉི་ཧོང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་སུ་ཚེ་རིང་སྐྱིད་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG