ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲོག་ཆགས་སྲུང་སྐྱོབ་ཚོགས་པས་རྒྱ་ནག་ལ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་དེ་སྔོན་རི་སྐྱེས་སྲོག་ཆགས་ཁག་ཅིག་གི་རུས་པ་སོགས་ལུས་པོའི་ཆ་ཤས་རྣམས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ཉོ་ཚོང་དང་བེད་སྤྱོད་བྱེད་ཆོག་པའི་གསལ་བསྒྲགས་སྤེལ། ཁ་སང་སྤྱི་ཟླ་༡༡་པའི་ཚེས་༡༢་ཉིན་བསྐྱར་དུ་གོང་གི་ཐག་གཅོད་དེ་གནས་སྐབས་སུ་ཕྱིར་འཐེན་བྱས་པ་ཡིན་ཞེས་བསྒྲགས།

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་སྔོན་སྤྱི་ཟླ་༡༠་པའི་ཚེས་༢༩་ཉིན་གསལ་བསྒྲགས་སྤེལ་ནས་ཆ་རྐྱེན་ངེས་ཅན་གྱི་འོག་ཏུ་རི་དྭགས་བསེ་རུའི་རྭ་དང་སྟག་གི་རུས་པ་སོགས་ལུས་པོིའི་ཆ་ཤས་རྣམས་ཉོ་ཚོང་བྱེད་པའམ། ཕྱིར་གཏོང་ནང་འདྲེན་བྱེད་ཆོག རྒྱ་སྨན་གྱི་སྨན་རྫས་སུ་སྤྱོད་ཆོག་ཅེས་བཤད་ཀྱང་གསལ་བསྒྲགས་དེ་སྤེལ་བའི་རྗེས་ཐོག་ཉིད་ལ་མི་སྒེར་པ་དང་ཚོགས་པ་སོགས་སྤྱི་ཚོགས་ཡོངས་ཀྱིས་རྒྱ་ནག་གི་གསལ་བསྒྲགས་དེར་ངོ་རྒོལ་བྱེད་འགོ་ཚུགས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པས་བཤད་པ་ལྟར་ན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་འདིར་རི་སྐྱེས་སྲོག་ཆགས་ཀྱི་ལུས་པོའི་ཆ་ཤས་བེད་སྤྱོད་གཏོང་གི་ཡོད་པའི་ཁྲོམ་རའི་དགོས་མཁོ་ཅན་དག་གིས་དོ་སྣང་ཆེན་པོི་བྱེད་སྲིད། ཐག་གཅོད་འདིའི་འོག་ཏུ་རི་སྐྱེས་སྲོག་ཆགས་སྟག་དང་བསེ་རུ་སོགས་རྩ་སྟོང་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་ཉེན་བརྡ་བཏང་འདུག

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དྲུང་ཡིག་གཞོན་པ་ཏིན་ཞོད་ཏུང་གིས་ཁ་སང་གཟའ་ཟླ་བའི་ཉིན་གསལ་བཤད་ཀྱི་ཚུལ་དུ་རྒྱ་ནག་གཞུང་གིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། མ་འོངས་པར་མུ་མཐུད་དུ་ནན་སྲུང་གསུམ་ཞེས་པའི་རྒྱ་ནག་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད། རྒྱ་ནག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དུ་བཏོན་པའི་ནན་འགོག་སྲུང་བྱ་གསུམ་ནི་རི་སྐྱེས་སྲོག་ཆགས་སྟག་དང་བསེ་རུའི་ལུས་པོའི་ཆ་ཤས་སོགས་ཕྱིར་གཏོང་ནང་འདྲེན་བྱེད་མི་ཆོག་པ་དང་། སྟག་དང་བསེ་རུའི་ལུས་པོའི་ཤ་རུས་སོགས་ཀྱི་ཆ་ཤས་དག་འཚོང་པ་དང་ཉོ་བ། སྐྱེལ་འདྲེན། ཉར་ཚགས། སྦྲགས་ཐོག་ཏུ་བརྒྱུད་བསྐུར་བྱེད་མི་ཆོག་པ། གཞན་ཡང་བསེ་རུའི་རྭ་དང་སྟག་གི་རུས་པ་སོགས་སྨན་རྫས་སུ་སྤྱོད་མི་ཆོག་པ་བཅས་ཡིན་ཞིང་། རྒྱ་ནག་གཞུང་གིས་རི་དྭགས་བསེ་རུའི་རྭ་དང་སྟག་གི་རུས་པ་སོགས་ཉོ་ཚོང་བྱེད་མི་ཆོག་པའི་གསལ་བསྒྲགས་ཐེངས་དང་པོ་ནི་༡༩༩༣་ལོར་སྤེལ། སྐབས་དེར་གསལ་བསྒྲགས་དེའི་ནང་དུ་སྟག་གི་རུས་པའི་ཉོ་ཚོང་ཐམས་ཅད་མཚམས་འཇོག་བྱ་དགོས་ཞེས་བཀོད་པས་རྒྱ་ནག་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་གི་སྨན་རྫས་ཐོ་གཞུང་དུ་སྟག་གི་རུས་པ་བེད་སྤྱོད་གཏོང་རྒྱུའི་སྨན་ཐོ་རྣམས་ནག་སུབ་བཏང་ནས་སྟག་གི་རུས་པ་དང་འབྲེལ་བ་ཡོད་པའི་རྒྱ་སྨན་གྱི་རིགས་ཐོན་སྐྱེད་བྱ་རྒྱུ་མཚམས་བཅད། སྐབས་དེའི་རྒྱ་ནག་གཞུང་གི་ཐག་གཅོད་དེར་ངོ་རྒོལ་བྱེད་མཁན་ཚོས་བརྗོད་ན་རྒྱ་སྨན་གྱི་ནང་དུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་རུས་ཀྱི་རྒྱུ་ལ་སྨན་རྫས་གཞན་གྱིས་ཚབ་བྱས་པ་ཡིན་ན་རྒྱ་སྨན་གྱི་ནུས་པ་དང་སྤྱོད་སྒོ་ཇེ་ཞན་དུ་འགྲོ་སྲིད། རྗེས་སོར་ཅི་སྟེ་རི་སྐྱེས་སྲོག་ཆགས་ལས་བྱུང་བའི་སྨན་རྫས་མཐའ་དག་གི་ཚབ་ཏུ་རྫས་གཞན་བཏང་ན་རྒྱ་སྨན་ལ་བེད་སྤྱོད་མེད་པར་འགྱུར་རྒྱུའི་ཉེན་ཁ་འདུག དེས་ན་རྒྱ་ནག་གཞུང་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱ་སྨན་གྱི་སྤྱོད་སྒོ་དང་དེང་གི་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལས་འགུལ་གྱི་ཤུགས་རྐྱེན་བར་དུ་སྔར་བཞིན་རི་སྐྱེས་སྲོག་ཆགས་ཀྱི་ལུས་པོའི་ཆ་ཤས་རྣམས་སྨན་རྫས་སུ་སྤྱོད་ཆོག་མིན་ཐག་གཅོད་བྱ་ཁག་པོི་རེད་ཅེས་ནན་བརྗོད་བྱས་སོ།།

XS
SM
MD
LG