ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་བར་མའི་འོས་བསྡུ།


དེ་རིང་ཕྱི་ཟླ་༡༡་ཚེས་༦་སྟེ། གཟའ་མིག་དམར་ཉིན་ཨ་མི་རི་ཀ་རྒྱལ་ཡོངས་སུ་བར་མའི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། ད་ལོའི་བར་མའི་འོས་བསྡུ་འདི་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་གཉིས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་བསྐྱངས་པར་ཨ་མི་རི་ཀའི་རྒྱ་ཆེའི་མང་ཚོགས་རྣམས་འདོད་བློ་ཚིམས་ཡོད་མེད་ཀྱི་འོས་འདེམས་ཤིག་ཀྱང་ཡིན་ཞིང་། འོས་འདེམས་ཀྱི་སྔ་དགོང་བར་དུ་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་སྲིད་འཛིན་ཟུར་པ་ཨོ་བྷ་མ་གཉིས་ཀྱིས་རང་རང་གི་སྲིད་དོན་ཚོགས་པའི་འོས་མི་ཚོར་རྒྱབ་སྐྱོར་གྱི་འོས་འདེམས་ལས་འགུལ་སྤེལ་འདུག སྲིད་དོན་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་པ་དང་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན་ཨ་རིའི་དམངས་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་རྒྱུ་དང་། སྤྱི་མཐུན་ཚོགས་པས་སྔར་བཞིན་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་གྲངས་མང་གི་གནས་བབ་འཛིན་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་མངའ་སྡེ་ཁག་གི་སྤྱི་ཁྱབ་མང་པོ་ཞིག་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་སྐབས་སུའང་དམངས་གཙོ་ཚོགས་པའི་འོས་མི་ཚོར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པ་དང་། ལྷག་པར་དུ་ཨ་མི་རི་ཀའི་འཇོར་ཇཱི་ཡ་དང་ཧྥུ་ལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་གཉིས་མི་རིགས་ནག་པོ་དང་དམངས་གཙོ་ཚོགས་པར་ལོ་མང་རིང་ཐོབ་མྱོང་མེད་པ་ཞིག་འཐོབ་སྲིད་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་ཐོན་ཡོད་པ།

XS
SM
MD
LG